འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་སྔ་རྗེས་སུ་རི་བོ་ཆེ་དང་སྟེང་ཆེན་རྫོང་གཉིས་སུ་བསྐྱོད་དེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་། ཁྱད་ལྡན་ཐོན་ལས་དང་། གྲོང་གསེབ་དར་རྒྱས། དགོན་སྡེའི་དོ་དམ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། “དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་པ།
“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུ”དམིགས་ཚད་དུ་འཛིན་པ་དང་། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་གཞི་རྟེན་དུ་བཟུང་བའི་ཐོག་ནས་ཚུགས་གནས་མཐོ་བ་དང་། ཚད་གཞི་མཐོ་བ། ཕན་འབྲས་མཐོ་བ་བཅས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པའི་ལེའུ་རྩོམ་དགོས་པའི་ནན་བཤད་གནང་ཡོད།
རི་བོ་ཆེ་གྲོང་རྡལ་དང་སྟེང་ཆེན་རལ་པའི་རིག་གནས་སྒྱུ་རྩལ་ཐང་ཆེན་དུ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བྱེད་སྒོའི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་བྱེད་སྒོ་དེ་བས་ཁྱབ་གདལ་དུ་གཏོང་བར་འགན་ལེན་བྱེད་དགོས། བྱེད་སྒོ་སྤེལ་རྒྱུ་དེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་སྐུལ་སློང་བྱེད་དགོས། ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ལས་བྱེད་པས་མང་ཚོགས་སྣེ་ཁྲིད་དེ་མཉམ་དུ་སློབ་སྦྱོང་བྱེད་པ་དང་། མཉམ་དུ་གྲ་སྒྲིག་བྱེད་པ། མཉམ་དུ་འགྲན་སྡུར་ནང་ཞུགས་ནས་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་ཡོད།
རི་བོ་ཆེ་དང་སྟེང་ཆེན་རྫོང་གཉིས་ཀྱི་དགོན་སྡེ་ཁ་ཤས་སུ་ཀྲོང་ཅིན་སུང་གིས་དགོན་སྡོད་ལས་བྱེད་པ་དང་། དགོན་སྡེའི་གྲྭ་བཙུན་དང་སྤེལ་རེས་གནང་ནས་ཆོས་ལུགས་ལས་དོན་དོ་དམ་དང་། རིག་དངོས་སྲུང་སྐྱོབ།“འདུ་ཤེས་གསུམ”གྱི་སློབ་གསོ་བཅས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས། ཆོས་ལུགས་ལས་དོན་གྱི་ཆོས་ཉིད་ཚན་རིག་དང་མཐུན་པའི་ངང་ཁོང་དུ་ཆུད་པ་དང་། ཆོས་ལུགས་ལས་དོན་དོ་དམ་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་དགོས།“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཆེར་བཏང་ནས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་དྲིལ་བསྒྲགས་སློབ་གསོའི་ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་དགོན་སྡེའི་གྲྭ་བཙུན་གྱི“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། ཐུན་མོང་ཐོག་ཆབ་མདོའི་རིག་དངོས་བདེ་འཇགས་ཀྱི་མ་ཐིག་སྲུང་སྐྱོབ་བྱེད་དགོས་པའི་ནན་བཤད་གནང་ཡོད།
སྟེང་ཆེན་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཀྲོང་ཅིན་སུང་གིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཞབས་ཞུའི་དགོས་མཁོ་སྐོང་རྒྱུ་ཁྲིད་སྟོན་དུ་བཟུང་རྒྱུར་མཐའ་འཁྱོངས་བྱས་ཏེ།“སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བྱེད་པའི་ཞབས་ཞུའི་རྣམ་པ”རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་།“སྟེང་ཆེན་གྱི་རྒན་གསོ”དེ་ཆབ་མདོ་གྲོང་ཁྱེར་གྱི་རྒན་གསོ་ཞབས་ཞུའི་ཁྱབ་ཁོངས་ཀྱི་ལེགས་ཆ་ཞིག་ཏུ་གཏོད་དགོས་པའི་བླང་བྱ་བཏོན་ཡོད།
“ཁྱིམ་ནང་མི་ག་ཚོད་ཡོད། ལོ་རེའི་ཡོང་འབབ་ཅི་ཙམ་ཡོད།”སྟེང་ཆེན་རྫོང་སེར་ཚྭ་ཤང་སྲིབ་པ་གྲོང་ཚོའི་གྲོང་མི་བཀྲ་ཤིས་ཚེ་དགའི་ཁྱིམ་དུ། ཀྲོང་ཅིན་སུང་གིས་ཁྱིམ་མིའི་ཐོན་སྐྱེད་འཚོ་བ་དང་། ཡོང་འབབ། མང་ཚོགས་སྣེ་ཁྲིད་དེ་ཕྱུག་པོར་འགྱུར་བ་སོགས་ཀྱི་གནས་ཚུལ་འདྲི་རྟོགས་གནང་ཞིང་། ཁོང་གིས་བཀྲ་ཤིས་ཚེ་དགའ་ཕྱུག་པོར་འགྱུར་བའི་སྣེ་ཁྲིད་པ་ཞིག་ཡིན་པའི་ངོས་ནས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཡུལ་མི་རྣམས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བ་དང་། ཏང་ཡོན་མང་ཚོགས་ཀྱི་སེམས་ནུས་གཅིག་སྒྲིལ་ཐུབ་པ་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད།
ཀྲོང་ཅིན་སུང་ད་དུང་དཔའ་ཟླ་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་ཕེབས་ཏེ་འཐབ་ས་དང་པོའི་ལས་རེས་མི་དམངས(ལས་རོགས)ཉེན་རྟོག་པར་འཚམས་འདྲི་གནང་ཡོད།
གྲོང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀྲའོ་པིན་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྟེང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝེ་ཝན་ནེང་བཅས་མཉམ་ཞུགས་བྱས་ཡོད།