国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年04月01日

ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཏམ་བཤད་འགྲན་སྡུར་ཆེ་མོའི་མཐའ་སྡུར་སྤེལ་བ།

ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་“3.28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཉིན་མོའི་གཏམ་བཤད་འགྲན་སྡུར་ཆེ་མོའི་མཐའ་སྡུར་སྤེལ་བ་རེད། འདི་ནི་ཀྲོང་ཅིན་སུང་སོགས་གྲོང་ཁྱེར་འགོ་ཁྲིད་ཀྱིས་གཏམ་བཤད་ལ་གསན་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་“3.28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཉིན་མོའི་གཏམ་བཤད་འགྲན་སྡུར་ཆེ་མོའི་མཐའ་སྡུར་དེ་ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་སྤེལ་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཀྲོང་ཅིན་སུང་དང་། ཀྲང་ཅན་ཧྭ། དངོས་གྲུབ་ཟླ་བ། ཀྲའོ་པིང་། ཅཱ་ཤིན་ཡུས། ཀྲང་ཝུན་ཧྲན། ཧུའུ་ཏན་ཧྥུའུ་བཅས་ཀྱིས་གཏམ་བཤད་ལ་གསན་ཡོད།

ཐེངས་འདིའི་འགྲན་སྡུར་ནི་སྡེ་ཚོགས་གྲོང་ཨུད་ཀྱིས་གཙོ་སྒྲུབ་བྱས་པ་དང་། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་སློབ་གསོ་ཅུས། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་བཅས་ཀྱིས་འགན་སྒྲུབ་བྱས་པ་ཞིག་ཡིན། དེའི་དམིགས་ཡུལ་ནི་གྲོང་ཁྱེར་ཡོངས་ཀྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཤེས་རྟོགས་སྔར་བས་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་ཚོའི་དཀའ་སྤྱད་མདུན་སྐྱོད་དང་རང་འགན་འཁུར་ལེན་གྱི་ལང་ཚོའི་ཉམས་འགྱུར་མངོན་པར་བྱ་རྒྱུ་དེ་རེད།

གཏམ་བཤད་འགྲན་སྡུར་སྤེལ་མགོ་ཚུགས་པའི་ཚུན་དུ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ཚོ་གཅིག་རྗེས་གཉིས་མཐུད་ངང་ཞུགས་པ་དང་། གུང་གཞོན་ཚོགས་པའི་ཚོགས་མི་གཞོན་ནུ་དང་ལོ་ཆུང་རུ་མི2000ཡས་མས་ཀྱིས་གདམས་གསེས་རབ་དང་རིམ་པ་བྱས་པ་བརྒྱུད་ནས་མཐར་ལོ་ཆུང་ཚོགས་ཆུང་དང་། གྲོང་ཚོ(སྡེ་ཁུལ)གྱི་གཞོན་ནུ་ཚོགས་ཆུང་། ཆོས་ལུགས་ལས་རིགས་ཀྱི་གཞོན་ནུ་ཚོགས་ཆུང་། གཞོན་ནུ་ཚོགས་ཆུང་བཅས་ཀྱི་བདམས་ཐོན་པ་20མཐའ་སྡུར་ནང་ཞུགས་ཡོད།

མཐར་འཇོ་མདའ་རྫོང་དམའ་རིམ་སློབ་འབྲིང་དང་པོའི་སློབ་མ་སྐལ་བཟང་བདེ་ཆེན་ལ་ལོ་ཆུང་ཚོགས་ཆུང་གི་ཨང་དང་པོའི་བྱ་དགའ་དང་། བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་སྤ་ཤིས་གྲོང་ཚོའི་གྲོང་མི་བཀྲ་ཤིས་ཆོས་སྒྲོན་ལ་གྲོང་ཚོ(སྡེ་ཁུལ)གྱི་གཞོན་ནུ་ཚོགས་ཆུང་གི་ཨང་དང་པོའི་བྱ་དགའ། མཛོ་སྒང་རྫོང་མཛོ་སྒང་དགོན་པའི་དགེ་འདུན་པ་བཀྲ་ཤིས་ཟླ་བར་ཆོས་ལུགས་ལས་རིགས་ཀྱི་གཞོན་ནུ་ཚོགས་ཆུང་གི་ཨང་དང་པོའི་བྱ་དགའ། ཆབ་མདོ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་བྱེད་པ་ཚེ་རིང་ཆོས་སྐྱིད་ལ་གཞོན་ནུ་ཚོགས་ཆུང་གི་ཨང་དང་པོའི་བྱ་དགའ་བཅས་ཐོབ་པ་རེད།