ཟླ3པའི་ཚེས28ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ66འཁོར་བར་དྲན་གསོ་ཞུས་པ་རེད། འདི་ནི་རྒྱལ་དར་སྒྲེང་བའི་མཛད་སྒོའི་ཡུལ་དངོས་ཡིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས28ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ66འཁོར་བར་དྲན་གསོ་ཞུས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ཆབ་མདོ་ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཀྲོང་ཅིན་སུང་སོགས་འགོ་ཁྲིད་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་མཛད་སྒོར་ཞུགས་པ་རེད།
རྫོང་ལོ་བྱམས་པ་མཁས་གྲུབ་དང་། ཀྲང་ཅན་ཧྭ། ལིས་ཀའོ་ཅན། ཀའོ་ཅིན་པིང་། ལིས་པིང་། དངོས་གྲུབ་ཟླ་བ། ཀྲའོ་པིང་། ཝུའུ་དབྱིང་ཧུའེ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཤེ་ཝུན་ཀོང་བཅས་ཞུགས་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་10པ་ཏག་ཏག་ལ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། དཔའ་ཉམས་དོད་པའི་གུས་དམག་གིས་གོམ་སྟབས་བརྟན་པོ་སྤོས་ཏེ་རྔམ་བརྗིད་ལྡན་པའི་ངང་རྒྱལ་དར་སྲུང་བཞིན་སྒྲེང་སྟེགས་ཕྱོགས་སུ་བསྐྱོད། ས་གནས་ས་ཐོག་ཏུ་རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》བཀྲོལ་བ་དང་ཚང་མས་མཉམ་དུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་དང་། རྒྱལ་དར་སྒྲེང་མཁན་གྱིས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས།
ལོ་66གི་གོང་དུ་ཀྲུང་གོ་གུང་ཁྲན་ཏང་གིས་གངས་ལྗོངས་ས་མཐོའི་ཐོག་དམངས་གཙོའི་བཅོས་སྒྱུར་བཏང་ཞིང་དུས་དེ་ནས་བཟུང་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ཀྱི་ལོ་ངོ་སྟོང་གི་ལྕགས་སྒྲོག་ལས་བསྒྲལ་ཏེ་ཞིང་བྲན་ཁྲི་ཚོ་བརྒྱར་མི་ལུས་ལ་རང་དབང་ཐོབ་ནས་འཛམ་གླིང་ཡང་རྩེའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཕྱེས་ཡོད། ད་ཆའི་ཆབ་མདོ་ནི་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དཔལ་འབྱོར་འཕེལ་རྒྱས། མི་དམངས་བདེ་སྐྱིད། སྐྱེ་ཁམས་བཟང་བ་སོགས་བོད་ཤར་ས་གཞི་ཆེ་མོའི་གང་སར་དབྱར་མཚོ་རྒྱས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།
(པར་ངོས་གསུམ་པར་གཟིགས)