འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་མགོར་ས་གཞི་ཐམས་ཅད་དཔྱིད་ཀྱི་ཉམས་མདངས་ཤར་མགོ་ཚུགས་པ་དང་། བྲག་གཡབ་རྫོང་མཁར་སྒང་ཤང་དུ་དཔྱིད་རྨོད་དཔྱིད་འདེབས་འགོ་ཚུགས་ཡོད། འདི་ནི་ས་གནས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཡིན་པ་མ་ཟད་ལོ་ཧྲིལ་བོའི་འབྲུ་རིགས་ཐོན་སྐྱེད་ཀྱི་སྤྱི་ཡོངས་དང་དེ་བས་འབྲེལ་ཡོད། བྲག་གཡབ་རྫོང་ཞིང་འབྲོག་ཚན་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱིས་ཧུར་ཐག་འབད་འབུངས་བྱས་ཏེ་བྱ་ཐབས་ནུས་ལྡན་རབ་དང་རིམ་པའི་ཐོག་ནས་དཔྱིད་འདེབས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ལོ་ཧྲིལ་བོའི་འབྲུ་རིགས་ཐོན་སྐྱེད་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་ཐུབ་པར་བརྩོན་ལེན་བྱས་ཡོད།
དཔྱིད་འདེབས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལོ་ཧྲིལ་བོའི་འབྲུ་རིགས་ཐོན་སྐྱེད་འགོ་ཡག་པོ་འཛུགས་ཐུབ་པར་འགན་ལེན་བྱ་ཆེད། བྲག་གཡབ་རྫོང་ཞིང་འབྲོག་ཚན་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱིས་ཧུར་ཐག་བྱ་སྤྱོད་སྤེལ་ཡོད། ལྟེ་གནས་ཀྱིས་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་མཁར་སྒང་ཤང་མཚན་འབུམ་གྲོང་ཚོར་བསྐྱོད་དེ་དཔྱིད་རྨོད་དཔྱིད་འདེབས་ལས་དོན་ལ་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དཔྱིད་འདེབས་ལས་དོན་ཁྲོད་མཁར་སྒང་ཤང་མཚན་འབུམ་གྲོང་ཚོས་ཁྱོན་ས་ཞིང་མུའུ190ཡས་མས་བཏབ་པ་དེའི་ནང་ནས་མུའུ100དང་། པད་ཁ་མུའུ50 གྲོ་མུའུ40བཅས་ཡོད། དེས་ས་གནས་ཀྱི་འབྲུ་རིགས་ཀྱི་རིགས་ཕུན་སུམ་ཚོགས་སུ་སོང་བ་དང་ཁྲོམ་རའི་དགོས་མཁོ་སྐོང་བར་རྒྱབ་སྐྱོར་མཁོ་འདོན་ཐུབ་ཡོད།