国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年03月25日

དཔའ་ཤོད་རྫོང་གི་ལག་ཟས་འགྲན་བསྡུར་གྱིས་གྲོང་གསེབ་དར་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།

དཔའ་ཤོད་རྫོང་གི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་ལག་ཟས་འགྲན་སྡུར་གྱི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་དང་བོད་ཟས་རིག་གནས་དར་སྤེལ་བཏང་སྟེ། གྲོང་གསེབ་དར་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱ་ཆེད། ཉེ་ཆར་དཔའ་ཤོད་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་ལག་ཟས་འགྲན་སྡུར་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོ་ཐོག་གྲོང་ཚོ(སྡེ་ཁུལ)11ནས་ཡོང་བའི་ཞིང་འབྲོག་པའི་འགྲན་ཞུགས་པ62ཀྱིས་ལག་ཟས་འགྲན་སྡུར་བྱས་ཡོད།

ཐེངས་འདིའི་འགྲན་སྡུར་གྱིས“བཟོ་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྩལ་ནུས་ཅན་གྱི་ཤེས་ལྡན་གསོ་སྐྱོང་བྱེད”ཅེས་པའི་གཙོ་ཐིག་ལ་དམ་པོར་དམིགས་པ་དང་། དེའི་དམིགས་ཡུལ་ནི་བོད་ཟས་རིག་གནས་ཀྱི་ནང་སྙིང་སྔོག་འདོན་གཏིང་ཟབ་བྱས་ནས་ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་ལ་སྐུལ་སྤེལ་གཏོང་རྒྱུ་དེ་རེད།

སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་དང་གྲོང་སྐྱོད་དུད་འཛུལ་སོགས་ཀྱི་བྱ་ཐབས་སྣ་མང་བརྒྱུད་ནས་མངའ་ཁུལ་ཟབ་ཞུགས་ཀྱིས་འགྲན་ཞུགས་བདམས་ཐོན་པ་རྒྱ་ཁྱབ་ངང་བདམས་གསེས་བྱས་པ་དང་། བདམས་གསེས་ཁྱབ་ཁོངས་ནང་སྲོལ་རྒྱུན་མ་བྱན་དང་། ཕ་ཡུལ་དུ་ཕྱིར་ལོག་པའི་ན་གཞོན། གྲོང་ཚོའི་ཇ་མ་སོགས་ཚུད་ཡོད་ལ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་འགྲན་སྡུར་ནང་ཞུགས་པའི་ཧུར་ཐག་རང་བཞིན་ལ་སྐུལ་སློང་ཐེབས་ཡོད།