འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས22ཉིན་གྱི་སྔ་དྲོར། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་“ཏང་འཛུགས་ཀྱིས་ལྟེ་བའི་ཡན་ལག་ཁྲིད་སྟོན་བྱེད། དར་རྒྱས་ཡར་བརྩོན་གྱི་སྦྱོང་བརྡར་ཆེ་མོ”ཞེས་པ་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་སྡུར་སྤེལ་བ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་བཅས་ཡིན་པའི་ཅེ་ཝུན་ཀོང་བྱེད་སྒོ་ཞུགས་ཡོད།
འགྲན་སྡུར་ཁྲོད་ཏང་ཀྲི་པུའུ་ཁག་དང་ཚན་པ་ཁག་ནས་ཡོང་བའི་འགྲན་ཞུགས་པ24ཡིས་གཏམ་བཤད་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་རང་ཉིད་ཀྱི་ལས་འགན་ཟུང་འབྲེལ་བྱས་ནས་ངོ་མཚར་ཆེ་བའི་གཏམ་བཤད་སྤེལ་ཡོད།
ཐེངས་འདིའི་གཏམ་བཤད་འགྲན་སྡུར་ནང་སྤྱི་བདེ་མི་དམངས(ལས་རོགས)ཉེན་རྟོག་པ་ཡོངས་ཀྱིས་ད་ལོའི་སྤྱི་བདེ་ཁོངས་གཏོགས་ཀྱི་ལས་དོན་བཀོད་སྒྲིག་ཁག་དང་ཟུང་འབྲེལ་བྱས་ཏེ་གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། བདེ་འཇགས་ཀྱི་ཆབ་སྲིད་ཁོར་ཡུག་དང་། བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག རང་ཚུགས་ཀྱི་ཁྲིམས་སྐྱོང་ཁོར་ཡུག སྤུས་ལེགས་ཀྱི་ཞབས་ཞུའི་ཁོར་ཡུག་ཅིག་ཧུར་ཐག་བསྐྲུན་ནས“ཡོད་ཚད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་ཀའི་དམིགས་ཚད་ལ་སྐུལ་འདེད་གཏོང་ཆེད་སྤྱི་བདེའི་ལེགས་སྐྱེས་འབུལ་དགོས།