国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年03月25日

གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས།

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་སྡུར་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས21ཉིན་གྱི་ཕྱི་དྲོར། གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་སྡུར་སྤེལ་བ་རེད།

འགྲན་སྡུར་ཐོག་གྲོང་ཨུད་དྲིལ་བསྒྲགས་པུའི་ཚན་པ་ཁག་གི་བདམས་ཐོན་པ16གིས“དམར་མདངས་ཆབ་མདོ”ཞེས་པ་གཙོ་ཐིག་ཏུ་བཟུང་ནས་ཏང་འཛུགས་སྐྱོང་གིས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པ་ནས་“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་དང་ལྗོངས་ཡོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་དང་རྒྱལ་གཅེས་བརྩེ་བ་གསོ་སྐྱོང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པར་བྱས་རྗེས་འཇོག་པ་སོགས་ཀྱི་བརྗོད་དོན་གཙོ་བོའི་ཐད་ནས་གཏམ་བཤད་བྱས་ཡོད།

ཐེངས་འདིའི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ལས་བྱེད་པའི་སྙིང་སྟོབས་སྔར་བས་མཐོར་འདེགས་བཏང་ནས་དཔའ་སེམས་ངར་སློང་དང་ངར་ཤུགས་སློང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁུར་ལེན་ལས་སྒྲུབ་དང་སྙིང་རུས་ངར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པ་དང་། རྒྱ་ཆེའི་ལས་བྱེད་པར་སྐུལ་སློང་བྱས་ཏེ་དུས་རབས་གསར་པའི་ཁུར་ལེན་གསར་པ་དང་བྱ་སྤྱོད་གསར་པ་འབད་པ་ཆེན་པོས་སྟོན་རྒྱུ་དེ་རེད།