འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས21ཉིན་གྱི་ཕྱི་དྲོར། རང་རེའི་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དཔེ་སྟོན་རྣམ་གྲངས་ཁག་གསུམ་པ་རྒྱུན་བསྲིང་སྤེལ་རྒྱུའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་བཅས་ཡིན་པའི་ཅེ་ཝུན་ཀོང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ཧྲེ་ཀྲང་གཞོན་པ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་གཙོ་སྐྱོང་ཞུས་ཡོད།
ཅེ་ཝུན་ཀོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཞག་ནས་སྐུལ་འདེད་བཏང་བས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་། དེ་ནི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་ཁྲིད་སྟོན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་བསམ་བློའི་དར་ཆ་ཞིག་ཀྱང་ཡིན་ཞེས་བསྟན།
ཅེ་ཝུན་ཀོང་གིས་ཁྲིམས་སྐྱོང་སྲིད་གཞུང་གི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ“ཕྱིར་མིག་ལྟ་བའི”བྱེད་སྒོ་བསུ་བ་ཞུ་རྒྱུ་ནི་ཆབ་མདོའི་ཉེ་དུས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པས། རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་སྲིད་འཛིན་ཐབས་ཇུས་ཀྱི་སྤྱིའི་ཡིད་རྟོན་ནུས་པ་དང་ལག་བསྟར་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། སྲིད་འཛིན་ཐབས་ཇུས་ཀྱི་དོན་ཚན་གལ་ཆེན་དག་གི་དཀར་ཆག་སྒྲིག་རྩོམ་དང་སྲིད་འཛིན་ཐབས་ཇུས་གལ་ཆེན་དག་གི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། སྲིད་འཛིན་ཐབས་ཇུས་ཀྱི་ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ལམ་ལུགས་ཚད་ལྡན་དུ་གཏོང་བ། སྲིད་འཛིན་ཐབས་ཇུས་གལ་ཆེན་དག་ཚན་རིག་དང་མཐུན་ལ་དམངས་གཙོ་ཁྲིམས་དང་མཐུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྲིད་འཛིན་ཁྲིམས་སྐྱོང་ལས་དོན་གྱི་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་འགལ་ཟླ་སེལ་དགོས་ཞེས་བསྟན།