国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年03月21日

ཀྲོང་ཅིན་སུང་གིས་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་གཞུང་ལམ་ལས་གྲྭ་ཅུས་གཉིས་པའི་ཚོགས་པ་ཚད་ཡོད་ཀུང་ཟི་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་གཞུང་ལམ་ལས་གྲྭ་ཅུས་གཉིས་པའི་ཚོགས་པ་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་ཅིང་ལི་ཀུའོ་ཅུན་ཧྥུང་དང་བཅས་པར་བཞུགས་མོལ་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཅན་ཧྭ་དང་། ཅཱ་ཤིན་ཡུས་རྣམ་གཉིས་ཞུགས་ཡོད།

ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚབ་ཞུས་ནས་ཀུའོ་ཅུན་ཧྥུང་དང་བཅས་པ་དགའ་བསུ་ཞུས་པ་དང་། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་གཞུང་ལམ་ལས་གྲྭ་ཅུས་གཉིས་པའི་ཚོགས་པ་ཚད་ཡོད་ཀུང་ཟིས་དུས་ཡུན་རིང་པོའི་ནང་ཆབ་མདོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཆབ་མདོ་གྲོང་ཁྱེར་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པའི་འགག་རྩའི་དུས་སྐབས་སུ། སྤྱི་ཁྱབ་ཅིང་ལི་ཀའོ་ཅོན་ཧྥུང་དང་བཅས་པ་ཆབ་མདོར་བརྟག་ཞིབ་དང་ངོ་འཕྲད་གྲོས་མོལ་དང་མཉམ་ལས་བྱེད་པར་ཕེབས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ཀྲུང་དབྱང་ཁེ་ལས་ཤིག་གི་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“ཀྲུང་དབྱང་ཁེ་ལས་ཀྱི་རུས་མིང་ལ་ཏང་དང་གཞུང་ཁོངས་ཁེ་ལས་ཀྱིས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི”རྩ་བའི་ཁྱད་ཆོས་ལག་བསྟར་གནང་ཡོད་ཅེས་གསུངས།

ཀྲོང་ཅིན་སུང་གིས་ཆབ་མདོ་ནི་བོད་ཀྱི་ཤར་སྒོ་ཆེ་མོ་དང་བོད་འདི་ཉིད་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ནང་ཞུགས་པའི་ལྷུ་ཚིགས་གལ་ཆེན་གྱི་གྲོང་ཁྱེར་དང་སྒོ་དབྱེའི་ལྟེ་བ་གལ་ཆེན་ཞིག་ཡིན།“དམར་མདངས་ཆབ་མདོ”ཕྱོགས་སྟོན་དུ་འཛིན་ནས་ཡུལ་གྱི་དགེ་མཚན་དང་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་དང“རྒྱུད་གཅིག་ལམ་གཅིག”སྟེ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཧུར་ཐག་ཞུགས་ཏེ་འབད་འབུངས་ཆེར་སྐྱེད་ཀྱིས་ཁ་ཤར་ཕྱོགས་ལ་གཏད་དེ་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་གཏོང་བའི་སྣེ་ཁྲིད་དཔེ་སྟོན་གྱི་གྲོང་ཁྱེར་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཆབ་མདོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་གཞུང་ལམ་ལས་གྲྭ་ཅུས་གཉིས་པ་ནི་གཞུང་ལམ་ལས་གྲྭའི་ཨར་ལས་བཟོ་སྐྲུན་དང་གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་ཐད་ལ་འོས་ཚད་ཀྱི་ཆ་རྐྱེན་འཛོམས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་དང་སྟོབས་ཤུགས་ཆེ་ལ་བསམ་བློ་སྔོན་ཐོན་ཡིན་ཐོག་ལས་སྒོ་མང་པོ་ཞིག་ཆབ་མདོའི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འཚམ་པོ་ཡོད་པས། ཀྲུང་གོའི་འགྲིམ་འགྲུལ་གཞུང་ལམ་ཅུད་དང་པོའི་ལས་གྲྭ་ཚད་ཡོད་ཀུང་སི་གཉིས་པ་ཡིས་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི་འདུ་ཤེས་འཛིན་ནས་ཆབ་མདོའི་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ཏེ་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་ཞུས་ནས་རྣམ་གྲངས་ཇུས་འགོད་གཏིང་ཟབ་བྱེད་རྒྱུ་དང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་རྒྱུ། མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ཆབ་མདོས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་དེ་ཁེ་ལས་ཀྱིས་བློ་བདེ་བག་ཕེབས་ངང་མ་རྩ་གཏོང་རྒྱུ་དང་གཉེར་སྐྱོང་འཕེལ་རྒྱས་གཏོང་རྒྱུ་ཡོང་བར་བྱ་ཆོག་ཅེས་ནན་བཤད་གནང་བ་རེད།

ཀུའོ་ཅུན་ཧྥུང་གིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཡུན་རིང་པོར་ཀྲུང་གོའི་འགྲིམ་འགྲུལ་གཞུང་ལམ་ཅུད་དང་པོའི་ལས་གྲྭ་ཚད་ཡོད་ཀུང་སི་གཉིས་པ་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཆབ་མདོར་ལས་སྒོ་སྤེལ་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་ཆབ་མདོ་ནི་བོད་དུ་ཡུལ་གྱི་དགེ་མཚན་མངོན་གསལ་དོད་པ་དང་འཕེལ་རྒྱས་ཀྱི་ནུས་པ་ཆེན་པོ་ཡོད་པས། ད་རེས་ཆབ་མདོར་རྟོག་ཞིབ་ཡོང་སྐབས་ཆབ་མདོར་ཆ་རྒྱུས་སྔར་བས་ཟབ་མོ་བྱུང་ནས་ཕྱོགས་གཉིས་པོའི་འབྱུང་འགྱུར་གྱི་མཉམ་ལས་ལ་ཡིད་ཆེས་ཀྱིས་ཁེངས་སོང་བས། ཆབ་མདོ་དང་འབྲེལ་མཐུད་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་འཚོལ་ཐུབ་པ་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ཏེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་པའི་རེ་བ་བཅངས་ཡོད་ཅེས་གསུངས།