国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年03月21日

རང་རེའི་གྲོང་ཁྱེར་གྱིས་ཁ་བ་ཆེན་པོ་བབས་པའི་གནམ་གཤིས་ལ་གཞིགས་ཏེ་སྡེ་ཁག་མང་པོ་མཉམ་འབྲེལ་ཐོག་ནས་འགྲུལ་ལམ་བདེ་འཇགས་ལ་འགན་སྲུང་བྱས་པ།

རང་རེའི་གྲོང་ཁྱེར་གྱིས་ཁ་བ་ཆེན་པོ་བབས་པའི་གནམ་གཤིས་ལ་གཞིགས་ཏེ་སྡེ་ཁག་མང་པོ་མཉམ་འབྲེལ་ཐོག་ནས་འགྲུལ་ལམ་བདེ་འཇགས་ལ་འགན་སྲུང་བྱས་པ།

འདི་ནི་མཛོ་སྒང་རྫོང་དུང་མདའ་ལར་ཁ་བ་ཆེན་པོ་བབས་རྐྱེན་འགྲིམ་འགྲུལ་བདེ་འཇགས་ཉེན་ཁ་ཆེན་པོ་ཡོད་པ་དང་། མཛོ་སྒང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་བགེགས་མེད་ལས་ལྷོངས་ཡོང་བར་འགན་ལེན་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3ཚེས17ཉིན་གྱི་དགོང་མོར། ཁ་བ་ཆེན་པོ་བབས་པས་རང་རེའི་གྲོང་ཁྱེར་གྱིས་གངས་ཆེན་འབབ་པའི་ཉེན་བརྡ་སེར་པོ་བཏང་བ་དང་ཚན་པ་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་གྲོང་མིའི་འཚོ་བའི་སྒྲིག་ལམ་དང་འགྲིམ་འགྲུལ་བདེ་འཇགས་ལ་འགན་ལེན་བྱས་པ་རེད།

ཟླ3ཚེས18ཉིན་གསར་འགོད་པས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་རྫོང་ཆུས་ཁག་ཏུ་ཁ་བ་བབས་པའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་བཞིན་ཡོད་པ་མཐོང་བྱུང་།

གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུད་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་ཀྱི་ལས་དོན་མི་སྣ་ཡཱང་ཤེའུ་ལིང་གིས“ད་ཐེངས་ཀྱི་གངས་ཆེན་འབབ་པའི་ཉེན་བརྡ་སེར་པོ་གཏོང་བའི་ཆ་འཕྲིན་ལ་དམིགས་ནས་ངེད་ཅུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་རེས་བརྟན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་དང་ཅུད་བཀོད་འདོམས་ལྟེ་གནས་ཀྱི་ལས་དོན་མི་སྣས་རྫོང་ཆུས11ལ་བཀོད་གཏོང་བྱས་པ་དང་། བཀོད་གཏོང་བྱས་པ་བརྒྱུད་མིག་སྔའི་བར་རང་རེའི་གྲོང་ཁྱེར་དུ་རང་བྱུང་གནོད་འཚེ་དང་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་སྙན་ཞུ་འབྱོར་མེད་པས་བདེ་འཇགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད”ཅེས་བཤད།

འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་བཀོད་འདོམས་ལྟེ་གནས་སུའང་ལས་བྲེལ་ཆེན་པོ་ཡོད་པ་རེད། ལས་དོན་མི་སྣས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་བརྙན་ཤེལ་ལ་བལྟས་ནས་དུས་དང་རྣམ་པ་ཀུན་ཏུ་འགྲུལ་ལམ་གྱི་གནས་ཚུལ་ལ་དོ་ཁུར་བྱས་ཏེ་ཐོན་སྲིད་པའི་གློ་བུར་གྱི་གནས་ཚུལ་ལ་དམིགས་ཏེ་འགྲོ་ལམ་བདེ་འཇགས་ཡོད་ལ་གོ་རིམ་ལྡན་པ། གེགས་མེད་ཤར་བགྲོད་ཐུབ་པའི་འགན་ལེན་ཧུར་ཐག་བྱས་ཡོད།

ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་དཔོན་ལི་ཤིང་ཧུའུ་ཡིས“མིག་སྔར་གངས་ཆར་འབབ་པའི་གནམ་གཤིས་ལ་ཁ་གཏད་ནུས་ལྡན་གཅོག་ཆེད། ཆབ་མདོའི་འགྲིམ་འགྲུལ་ཉེན་རྟོག་པས་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་ནུས་ཤུགས་ཡོད་རྒུས་འགྲུལ་ལམ་གྱི་བདེ་འཇགས་འགན་ལེན་བྱས་ཡོད། ཆབ་མདོའི་འགྲིམ་འགྲུལ་ཉེན་རྟོག་པས་གྲོང་ཁྱེར་དང་རྫོང་ཁག་གི་སྨྱན་སྦྱོར་འཕྲིན་ལམ་སྣ་ཚོགས་གང་ལེགས་སྤྱད་དེ་འགྲུལ་ལམ་གྱི་ཆ་འཕྲིན་དང་འགྲིམ་འགྲུལ་བཀག་སྡོམ་བྱེད་ཐབས། འགྲོ་འོང་བདེ་འཇགས་བཅས་ཀྱི་གསལ་འདེབས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་ཁ་ལོ་བར་རླངས་འཁོར་དལ་མོར་གཏོང་བ་དང་རླངས་འཁོར་དབར་བར་ཐག་འཇོག་པ། རླངས་འཁོར་གཟབ་གཟབ་གཏོང་དགོས་པའི་དྲན་སྐུལ་བྱས་པ་ཡིན”ཞེས་བཤད།

གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་གནམ་གཤིས་ལས་ཁུངས་ཀྱི་བཟོ་བཀོད་པ་སྤེན་ཆུང་གིས“ཁ་ཉིན་ནས་བཟུང་རང་རེའི་གྲོང་ཁྱེར་ལ་ཁ་བ་བབས་པ་རེད། མཛོ་སྒང་དང་། སྨར་ཁམས། དཔའ་ཤོད། བྲག་གཡབ། ལྷོ་རོང་། དཔལ་འབར་སོགས་ཀྱི་ཤང་གྲོང་ཁ་ཤས་ལ་ཁ་བ་ཆེན་པོ་བབས་འདུག མིག་སྔའི་བར་རྫོང་ནང་ནས་ཁ་བ་འབབ་ཚད་ཆེ་ཤོས་དེ་ལྷོ་རོང་དང་ཤང་གྲོང་རྡལ་ནང་ནས་སྤང་མདའ་ལ་རེད་འདུག ད་རེས་ཁ་བ་བབས་པ་འདི་ལ་དམིགས་ཏེ་གཅིག་ནས་རྒྱལ་ལམ317དང318། 214དང558བཅས་ཀྱི་ས་མཐོ་སའི་རྒྱུད་ལ་ཁ་བ་མང་པོ་བཞག་ཡོད་པས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བདེ་འཇགས་ལ་སྟངས་འཛིན་ཡག་པོ་བྱེད་དགོས། གཉིས་ནས་གངས་ཉིལ་བ་དང་གངས་སྐྱོན་འབྱུང་ཉེན་ཆེ་སར་ལྟ་ཞིབ་དང་རྐྱེན་སེལ་གྱི་བྱ་བ་སྒྲུབ་དགོས”ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཁ་བ་འབབ་པའི་སྐབས་སུ་མཛོ་སྒང་དང་སྨར་ཁམས། དཔའ་ཤོད་དང་བྲག་གཡབ། ལྷོ་རོང་དང་དཔལ་འབར་སོགས་ཀྱི་ཤང་གྲོང་རྡལ་ཁ་ཤས་ལ་ཁ་བ་ཆེན་པོ་བབས་ཡོད། མིག་སྔར་ཁ་བ་འབབ་ཚད་ཆེ་ཤོས་ཀྱི་རྫོང་ཁག་དང་ཤང་གྲོང་རྡལ་ནི་ལྷོ་རོང་རྫོང་དང་དཔའ་ཤོད་ཀྱི་སྤང་མདའ་གྲོང་རྡལ་གཉིས་ཡིན་པ་དང་ཆབ་མདོ་གྲོང་ཁྱེར་གྱི་ས་ཆ་ཁག་ལ་ཚད་མི་འདྲ་བའི་ཁ་བ་ངེས་ཅན་བབས་པ་རེད། གནམ་གཤིས་ཀྱི་གནས་ཚུལ་འདི་ལ་དམིགས་ནས་སྨར་ཁམས་དང་དཔའ་ཤོད། ལྷོ་རོང་དང་མཛོ་སྒང་སོགས་ཀྱིས་རང་ཡུལ་གྱི་གནས་བབ་ལ་གཞིགས་ནས་མགྱོགས་མྱུར་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་འགྲོ་ལམ་བདེ་འཇགས་ལ་འགན་སྲུང་གང་ཐུབ་ཞུས་ཤིང་། མི་དམངས་ཉེན་རྟོག་པ་ཚོས་གངས་འཕྱགས་ལམ་སེལ་དང་འཁོར་རིགས་བཟོ་བཅོས། འགྲུལ་པར་རོགས་རམ་སོགས་ཀྱི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།