国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年03月21日

གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས17ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལིས་པིང་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ལྷན་གྱི་ཁོངས་མི་དང་རྫོང(ཆུས)ཨུད11གི་རྩ་འཛུགས་པུའུ་ཀྲང་དང་གྲོང་ཨུད་རྩ་འཛུགས་པུའི་ཁའོ་ཧྲི་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུ་ཞུགས་ཡོད།

ཚོགས་འདུའི་ཐོག་གྲོང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ལྷན་གྱི་ཁོངས་མི་དང་རྫོང(ཆུས)ཨུད11གི་རྩ་འཛུགས་པུའུ་ཀྲང་དེ་བཞིན་གྲོང་ཨུད་རྩ་འཛུགས་པུའི་ཁའོ་ཧྲི་ཁག་ཅིག་གི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་བྱས་ཏེ། མིག་སྔར་ལས་དོན་ཐད་འཕྲད་པའི་གནད་དོན་ལ་དབྱེ་ཞིབ་དང་ཁ་གཏད་རང་བཞིན་གྱི་བྱ་ཐབས་ལེགས་བཅོས་བཏོན་ཡོད།

ལིས་པིང་གིས“མིང་གྲགས་ཅན”གྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། ཁྱད་ལྡན་བཟང་ཆ་གཏོད་དེ“ཕན་འབྲས་ཐོན་ཚེ་གོང་མཐོར་གཏོང་རྒྱུར་མཐོང་ཆེན་བྱེད”དགོས་པ་དང་།“འཚོལ་ཞིབ་དང་། ལག་ལེན། བརྟན་པོ”བཅས་ཀྱི་ལས་ཀའི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་ཕུགས་ལ་ཕན་པའི“ཆབ་མདོའི་ཇུས་གཞི”སྔར་བས་མང་བ་འཚོལ་ཞིབ་བྱས་ཏེ་ཆགས་པ་བྱེད་དགོས།“མདུན་གྲལ་དུ་སྐྱོད་པའི”ངར་ཤུགས་ལ་བརྟེན་ནས་དཔེ་བཟང་ཚན་པ་བཟོ་རྒྱུ་མཐའ་འཁྱོངས་ཀྱིས་“མཐོར་འདེགས་བྱུང་ཚེ་གཟུགས་བརྙན་མངོན་པར”བྱེད་དགོས། སློབ་གསོ་གསོ་སྦྱོང་དང་། ལག་ལེན་སྦྱོང་བརྡར། རིག་གནས་འཛུགས་སྐྱོང་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ“རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་”གསེར་བྱང་རྒྱུན་མཐུད་ངང་འཕྱི་བརྡར་བྱས་ནས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་ལ་དེང་རབས་ཅན་གྱི་ནུས་པ་འཛུགས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།