国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年03月21日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་《ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་བརྡ་ཐོ》སོགས་ཀྱི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལས་དོན་སྙན་སེང་ལ་གསན་ཡོད།

ཀྲོང་ཅིན་སུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་ལག་བསྟར་བྱེད་འགོ་ཚུགས་ནས་ལྕགས་རྡོ་སོགས་ལ་རྗེས་ཤུལ་འཇོག་ཐུབ་པའི་སྙིང་རུས་བརྟན་པོས་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀུན་སྤྱོད་འཛུགས་སྐྱོང་དང་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།

ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བསྟུན་ནས་མ་ལག་ལྡན་པའི་འཆར་འགོད་དང་ཁྱོན་ཡོངས་བཀོད་སྒྲིག་བྱས་ནས་ང་ཚོས་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུར་མཛུབ་ཁྲིད་ནུས་ལྡན་བྱས་པ་རེད། 2024ལོར་གྲོང་ཁྱེར་ཡོངས་ཀྱི་གོང་འོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་དུ་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བ་དང་། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱས་པས། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་། ནུས་པ་དང་བྱང་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ལས་སྒྲུབ་དང་ལས་གཏོད་ཀྱི་ངར་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་བསྟན་ཡོད།

ཀྲོང་ཅིན་སུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་དང་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགན་ལེན་ནུས་ལྡན་ཞིག་ཀྱང་ཡིན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་དམ་འཛིན་ཏན་ཏིག་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཁག་ཆབ་མདོ་རུ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་བློ་བརྟན་འགྱུར་མེད་ངང་སྤེལ་བ་དང་། དམིགས་ཚད་ཀྱི་བླང་བྱ་ལ་དམ་པོར་དམིགས་པ་དང་། སློབ་སྦྱོང་གྲོས་སྡུར་དང་། གནད་དོན་ལ་ཞིབ་འཇུག གཅིག་བསྡུས་བཅོས་སྒྲིག་དང་སྒོ་འབྱེད་སློབ་གསོ་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ། གྲོང་ཨུད་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་སྐུལ་འདེད་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོ་བདེ་བླག་ངང་སྤེལ་བ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཆུང་དུ་གཏོང་བའི་ལས་དོན་རྒྱུན་འཁྱོངས་ངང་སྤེལ་བ་དང་། ཁུར་པོ་ཆུང་དུ་གཏོང་བ་དང་ནུས་པ་འདོན་སྤྲོད་བྱེད་པའི་བར་གྱི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། འཛེམ་མེད་དམར་འདོན་དང་སྐུལ་འདེད་གཏིང་ཟབ་བཏང་སྟེ། གཞི་རིམ་གྱི་ཁུར་པོ་ངོ་མ་ཡང་དུ་བཏང་སྟེ། གཞི་རིམ་ལས་བྱེད་པར་དུས་ཚོད་དང་ནུས་ཤུགས་སྔར་ལས་མང་བས་བྱ་བ་དངོས་བསྒྲུབ་རྒྱུ་དང་དོན་འཁྱོལ་དམ་འཛིན་བྱ་རྒྱུ་ཡོང་བ་བྱས་ཏེ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ལས་དོན་ཡག་པོ་བསྒྲུབས་ནས། བྱེད་པོའི་འགན་འཁྲི་དང་འགན་འཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དངོས་སྒྲུབ་མཐའ་འཁྱོངས་དང་གྲུབ་འབྲས་དངོས་ལ་མཐོང་ཆེན་བྱེད་པའི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་བསྐྱེད་དགོས་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་སྣེ་ཁྲིད་ནས་ལས་པ་དང་། རིམ་པ་གཅིག་གིས་བསྒྲུབས་ནས་རིམ་པ་གཅིག་གིས་ལྟ་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ལས་དོན་ཁྲོད་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་རང་འགུལ་ངང་བརྟག་ཞིབ་ཧུར་ཐག་བྱས་ཏེ། ཐབས་ཤེས་གསར་པ་བཏོན་པ་དང་ཉམས་མྱོང་གསར་པ་ཕྱོགས་བསྡོམས་བྱས་ཏེ། རང་ངོས་གསར་བརྗེའི་སྙིང་སྟོབས་ཆེན་པོའི་ཐོག་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ལས་དོན་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་འཐོབ་དགོས་ཞེས་ནན་བཤད་གནང་ཡོད།