དཔྱིད་གསར་དུས་ཆེན་དང་བོད་ལོ་གསར་གྱི་གུང་གསེང་ཚར་མ་ཐག་ཆབ་མདོ་གྲོང་ཁྱེར་གྱི་རྣམ་གྲངས་ཁག་གཅིག་རྗེས་གཉིས་མཐུད་ངང་ལས་ཐོན་བསྐྱར་ཚུགས་བྱས་ཏེ་ལོ་གསར་པའི་དམིགས་ཚད་ལས་འགན་ལ་འབད་བརྩོན་ཆེན་པོ་གནང་བ་རེད།
གསར་འགོད་པ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དམའ་རིམ་སློབ་འབྲིང་གསུམ་པའི་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་བསྐྱོད་སྐབས། བཟོ་པ་ཚོས་ཨར་ལས་བྱ་ཡུལ་དུ་བདེ་འཇགས་ཞིབ་བཤེར་དང་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་པ་མཐོང་བ་དང་། མིག་སྔར་སློབ་ཁྲིད་ཐོག་ཁང་དང་སློབ་མའི་ཉལ་ཁང་ཁག་གི་གཙོ་གཞི་ཚང་མ་ལེགས་གྲུབ་ཟིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར1.6བཏང་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ23593.98ཟིན་པ། འཛུགས་སྐྲུན་བྱེད་བཞིན་པའི་འོས་སྐུལ་དུམ་བུ་དང་པོར་མ་དངུལ་སྒོར་ཁྲི8865.64བཏང་བ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང2035ལོའི་རྒྱང་རིང་དམིགས་ཚད་ཀྱི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་འོག་སྤེལ་བའི་སློབ་གསོའི་ཁྱབ་ཁོངས་ཀྱི་དམངས་འཚོའི་ལས་གྲྭ་གཙོ་བོ་ཞིག་རེད། རྣམ་གྲངས་དེ2024ལོའི་ཟླ4པར་དངོས་སུ་སྐྲུན་འགོ་ཚུགས་པ་དང་ལེགས་གྲུབ་བྱུང་རྗེས་སྔོན་དཔག་བྱས་ན་སློབ་མ1500ཤོང་ཐུབ་ཀྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་ཡུས་དམངས་ཕན་སྨན་རྫས་འགན་འཁྲི་ཚད་ཡོད་ཀུང་སི་ནི2001ལོར་བཙུགས་པ་དང་། སྨན་རྫས་ཐོན་སྐྱེད་དང་། ཕྱིར་ཚོང་། གསར་སྤེལ། བོད་སྨན་ཉོ་ཚོང་ཞབས་ཞུ་བཅས་བཞི་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཁེ་ལས་ཤིག་ཡིན། མིག་སྔར། ཀུང་སིར་སྨན་རིལ་དང་། སྨན་ཕྱེ། སྤྱིན་ཐུམ་སྨན་སོགས་སྨན་རྫས་རིགས20ཡོད་པ་མ་ཟད། སྨན་རྫས་ཚང་མ་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ལ་སྐུལ་འདེད། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་རོགས་རམ་སོགས་ཀྱི་ཐད་སྟོབས་ཤུགས་ངེས་ཅན་ཞིག་ལེགས་སྐྱེས་ཕུལ་ཡོད་པ་མ་ཟད། 2024ལོར་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར་གཅིག་ལས་བརྒལ་ཡོད།