འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་7ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་དང་། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ། སློབ་གསོའི་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་གནང་བ། འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན་དང་དེ་བཞིན་སྔོན་རྩིས་སྙན་སྒྲོན་དང་འཆར་ཟིན་བཅས་ལ་མུ་མཐུད་ཞིབ་བཤེར་གནང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྲོས་ཞིབ་ལ་ཞུགས་པ་དང་། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྲོས་ཞིབ་ལ་ཞུགས་པ། སློབ་གསོ་པུའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་པུའུ་ཀྲང་ཧོའེ་ཅིན་ཕེང་ཚོགས་འདུར་ཞུགས་ནས་བསམ་འཆར་གསན་པ་རེད།
ཝང་ཅུན་ཀྲེང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མི་དམངས་སྲིད་གྲོས་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ། སློབ་གསོ་རིགས་ཁོངས་བཅས་ཀྱི་མི་སྣས་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་ཞིང་། སློབ་གསོས་ཚན་རྩལ་དང་ཤེས་ལྡན་པར་འདེགས་སྐྱོར་བྱེད་ནུས་ཆེ་རུ་བཏང་ནས་ཡོན་ཏན་ཅན་རྒྱུན་མ་ཆད་པར་ཐོན་པ་དང་།མི་ཚང་མས་ནུས་པ་གང་ཡོད་འདོན་པ། ཤེས་ལྡན་པ་གང་ལེགས་སྤྱོད་པ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཆགས་པ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་མི་དམངས་སྲིད་གྲོས་དང་ལས་རིགས་ཁག་གི་མི་སྣའི་ནུས་པ་གལ་ཆེན་འདོན་པ་སོགས་ཐད་བླང་བྱ་ཁ་གསལ་བཏོན་གནང་སྟེ། (ང་ཚོས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་བླངས་ཏེ་ཕུན་སུམ་ཚོགས་པའི་ནང་དོན་དང་། དགོངས་དོན་གྱི་ངོ་བོ། སྲོག་ཤིང་གི་དོན་སྙིང་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས། ལག་བསྟར་དོན་འཁྱོལ་གྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས་། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུགས་ཁུར་གནང་སྟེ“བོད་ཀྱི་རྣམ་པ་བསྒྱུར་དགོས་ཚེ་རྩ་བ་སློབ་གསོར་ཐུག་ཡོད”ཅེས་ནན་བཤད་གནང་ཡོད། རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པའི་བོད་ཀྱི་དེང་རབས་སློབ་གསོ་འཕེལ་རྒྱས་དེ་བོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་ཡང་འབྲེལ་བ་ཡོད། དེང་རབས་ཅན་འཛུགས་སྐྲུན་གྱི་བླང་བྱ་དང་རང་འགུལ་ངང་འཚམ་པར་བྱས་ཏེ་སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཤེས་ལྡན་པའི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་སློབ་གསོའི་ཐོན་ཁུངས་ཚན་རིག་དང་མཐུན་པ་དང་ལུགས་མཐུན་གྱི་སྒོ་ནས་བཀོད་སྒྲིག་བྱས་ཏེ་བོད་ལྗོངས་འཛིན་གྲྭའི་གྲུབ་ཆ་ལེགས་སུ་གཏོང་བ་དང་། བོད་ལྗོངས་འཛིན་གྲྭའི་སྤུས་ཚད་མཐོ་རུ་གཏོང་བ། རྨང་གཞིའི་སློབ་གསོ་སྤུས་འབྲས་ལེགས་གཉེར་ཡོང་བར་ལག་བསྟར་ཤུགས་ཆེན་བྱས་ཏེ་སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཞིག་གཉེར་དགོས།
འཐུས་མི་ཝང་ཝུའེ་ཏུང་དང་། པད་མ་མཚོ། ཉི་མ། ལྷག་ཆུང་། སྐལ་བཟང་སྒྲོལ་མ། ཉི་སྒྲོན། བློ་བཟང་རྒྱལ་མཚན། ཝང་ཅུན་ཀྲེང་། ཀརྨ་ཚེ་བརྟན། ལིན་རུའེ། ཝང་ཧུང་ཞང་། ཝང་ཆང་། ལུའོ་ཆིང་ཝུའུ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད། ཚང་མས་ངོས་འཛིན་མཐའ་གཅིག་ཏུ་བྱས་དོན། དུས་བསྟུན་མདུན་སྐྱོད་ཀྱིས་འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས་མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་བཏང་ཡོད། མི་དམངས་འཐུས་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་བྱེད་པའི་འགན་ནུས་ཡག་པོ་འདོན་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། དེ་ཐོག་ནས་རང་རྒྱལ་གྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་མཚོན་ཡོད། འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ནང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་དང་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་གལ་ཆེན་གང་ལེགས་མཚོན་ཡོད་པས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་དང་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གང་ལེགས་མཚོན་ཡོད་པས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས། ཐབས་ཇུས་བཀོད་སྒྲིག་བཅས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བརྒྱུད་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་ནུས་ལྡན་ཡོང་བའི་འགན་ལེན་བྱེད་པ་དང་ཏང་གི་འགོ་ཁྲིད་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། སྤྱི་ཡོངས་བཅས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཀྱི་འགན་འཁྲི་ལག་བསྟར་དང་དབང་ཆ་ལག་བསྟར་བྱེད་པའི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་རྒྱུར་ཕན་ཐོགས་ཡོད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་དང་ལག་ལེན་གྱི་བླང་བྱ་སྔར་བས་མངོན་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་ཀྱི་ཁེ་ཕན་དང་འདོད་བློ་ལྷག་བསམ་རྣམ་དག་ངང་མཚོན་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་ནང་ཞུགས་ནས་མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་རེ་བ་ཉན་པ་དང་མཚོན་པར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུར་ཕན་ཐོགས་ཡོད་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་དང་ལས་འགན་སྔར་བས་ཁ་གསལ་བཟོས་པས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཕྱོད་དུ་བསྒྱུར་རྒྱུར་ཕན་ཐོགས་ཡོད་པ་བཅས་རེད། འཐུས་མིའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་རྗེས་ང་ཚོས་སློབ་སྦྱོང་ནན་ཏན་དང་། དྲིལ་བསྒྲགས་རྒྱ་ཁྱབ། ལག་བསྟར་གཏིང་ཟབ། རང་འགན་གཙང་སྒྲུབ་བཅས་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་ཀྱི་ཡིན།
གྲོས་ཞིབ་བྱེད་རིང་། འཐུས་མི་ཚོས་ད་དུང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། ཚན་ཞིབ་གསར་གཏོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རྣམ་གྲངས་གལ་ཆེན་སྐུལ་འདེད་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ལས་དོན་པ་སོགས་ཚོགས་འདུར་ཕེབས་ནས་གྲོས་ཞིབ་དང་བསམ་འཆར་གསན་པ་རེད།