འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་དཔའ་ཤོད་རྫོང་དང་བྲག་གཡབ་རྫོང་གཉིས་སུ་ཕེབས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས་པའི་ཁར།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་དང་། གཞི་རིམ་ཏང་འཛུགས་སྐྱོང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། བརྟན་ལྷིང་སྲུང་སྐྱོབ་དང་བདེ་འཇགས་འགན་ལེན་བཅས་ཀྱི་ལས་དོན་གནས་ཚུལ་ལ་ལྟ་སྐུལ་དང་མཛུབ་ཁྲིད་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་དཔའ་ཤོད་རྫོང་དང་བྲག་གཡབ་རྫོང་གཉིས་སུ་ཕེབས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས་པའི་ཁར།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་དང་། གཞི་རིམ་ཏང་འཛུགས་སྐྱོང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། བརྟན་ལྷིང་སྲུང་སྐྱོབ་དང་བདེ་འཇགས་འགན་ལེན་བཅས་ཀྱི་ལས་དོན་གནས་ཚུལ་ལ་ལྟ་སྐུལ་དང་མཛུབ་ཁྲིད་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ།“ཡོད་ཚད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་ཀའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་ཡོད།
ཟླ་གསུམ་པའི་ནང་བོད་ཤར་གྱི་ས་གཞི་ཆེ་མོའི་ཐོག་གྲང་ངར་སྔར་བཞིན་ཆེ་ནའང་། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ཁག་གཞི་རིམ་དུ་ཚ་ཚ་འུར་འུར་སྤེལ་བཞིན་ཡོད། ཀྲོང་ཅིན་སུང་སྔ་རྗེས་སུ་དཔའ་ཤོད་རྫོང་གི་སྤང་མདའ་གྲོང་རྡལ་དང་། ར་འོག་གྲོང་རྡལ། ཡིད་ཆེན་ཤང་བཅས་སུ་ཕེབས་ཏེ་གཞི་རིམ་གྱི་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཏང་འཛུགས་ཁྲིད་སྟོན་གྱི་རྩ་བཅོས་མཐའ་འཁྱོངས་བྱེད་དགོས་ཤིང་། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་རྒྱ་ཁྱབ་གཏིང་ཟབ་ངང་སྤེལ་ཏེ་རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ནི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་ཡིན་ལ་བྱེད་སྒོར་ཞུགས་མཁན་ཡང་ཡིན་པས། མང་ཚོགས་སྐུལ་སློང་དང་། མང་ཚོགས་དྲིལ་བསྒྲགས། མང་ཚོགས་ཁྲིད་སྟོན་བཅས་བྱེད་པ་དང་། ཚང་མ་ཞུགས་རྒྱུར་སྐུལ་སྤེལ་དང་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་བྱེད་སྒོ་ལམ་ནས་སློབ་གསོ་དང་ལེན་དང་། རང་ངོས་མཐོར་འདེགས། འཇོན་ཐང་བསྐྱེད་པ། སྙིང་སྟོབས་དར་སྤེལ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དེ་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་མངའ་ཁོངས་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ངོ་མ་ཞིག་ཏུ་བསྐྲུན་དགོས། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཤིང་། “འདུ་འགོད་སྟོང་ཁྲིའི”ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ཏེ་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་ཀྱི་བཅོས་སྐྱོང་ནུས་པ་རྒྱུན་བསྲིང་མཐོར་འདེགས་གཏོང་བ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལག་བསྟར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་ཆ་གསབ་པ་བཅས་བྱས་ཏེ་གྲོང་ཚོའི་མཛེས་བཟོ་དང་ལྗང་སྒྱུར་ལས་དོན་ཏན་ཏིག་སྤེལ་བ་དང་། རྒྱལ་ཁབ་ཞིང་ཆེན་གཞུང་ལམ་རྒྱུད་ཀྱི་གྲོང་གསེབ་རྣམ་པའི་སྒྱུར་བཀོད་མགྱོགས་སུ་གཏོང་བ། མང་ཚོགས་ཁག་གཅིག་ལ་གོ་ཆོད་པའི་དོན་དངོས་སྒྲུབ་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་རྐྱེན་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་ཡོད། ཀྲོང་ཅིན་སུང་གིས་དཔའ་ཤོད་རྫོང་སྤྱི་བདེ་ཅུས་སུ་བརྟན་ལྷིང་སྲུང་སྐྱོབ་དང་བདེ་འཇགས་འགན་ལེན་ལས་དོན་གནས་ཚུལ་ལ་ལྟ་སྐུལ་དང་མཛུབ་ཁྲིད་གནང་བ་མ་ཟད་དཔའ་ཤོད་ཀྱི་བརྟན་ལྷིང་སྲུང་སྐྱོབ་ལས་དོན་གྱིས་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོབ་ཁྱོན་ཡོངས་ལ་ཧུར་ཐག་ངང་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་བའི་ཁར། འཐབ་ས་དང་པོར་འབད་འཐབ་བྱེད་ཀྱིན་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་དཀའ་སྤྱད་འབད་འཐབ་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཁྲིམས་ལྟར་བཅོས་སྐྱོང་གི་སྐབས་འཕྲལ་བཅོས་ཐབས་མཐའ་འཁྱོངས་བྱེད་དགོས་ཤིང་། ཚན་རིག་ཅན་གྱི་སྒྲིག་སྲོལ་དང་རྒྱུན་རྣམ་ཅན། ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ཀྱི་ཐོག་ནས་རྒྱུད་བསྲིང་ངང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བར་སྐུལ་འདེད་གཏོང་དགོས། བརྟན་ལྷིང་གི་འགན་འཁྲི་ཨང་དང་པོ་དོན་འཁྱོལ་བྱེད་དགོས་ཤིང་། ཉེན་བརྡ་ཡུན་རིང་གཏོང་བ་དང་དམ་འཛིན་ལྷོད་མེད་མཐའ་འཁྱོངས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་དོན་བླང་བྱ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དོན་འཁྱོལ་བྱས་ནས་བརྟན་ལྷིང་སྲུང་སྐྱོབ་ལས་དོན་དེ་ཉིད་རྒྱུན་དུ་སྒྲུབ་པ་དང་གཞི་རིམ་དུ་སྒྲུབ་ཐུབ་པ་བྱེད་དགོས། འགལ་ཟླ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེ་རུ་བཏང་ནས“ལས་བྱེད་པ་སྟོང་གྲོང་ཚོ་སྟོང་ལ་བསྐྱོད་དེ་འགལ་ཟླ་དང་རྩོད་གཞིའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེ་མོ”སྤེལ་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་འདུམ་འགྲིག་དང་ཆུང་ས་ནས་འདུམ་འགྲིག་ཏན་ཏིག་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་ཡོད།
རྒྱལ་ལམ318 ལམ་རྒྱུད་ཀྱི་རྒྱལ་མོ་རྔུལ་ཆུའི་གུག་ཆ་72དང་། ལམ་བཅོས་ས་ཚིགས71པའི་གནས་རྙིང་། ར་འོག་མཚེའུ། ལ་སྒོ་འཁྱགས་རོམ་སོགས་ཀྱི་མཛེས་ལྗོངས་སུ་ཡུལ་སྐོར་བྱེད་མཁན་ཤིན་ཏུ་མང་པོ་ཡོད། རྒྱལ་ལམ318ལམ་རྒྱུད་ཀྱི་མཛེས་ལྗོངས་ཁག་ཏུ་ཀྲོང་ཅིན་སུང་གིས་ས་གནས་ས་ཐོག་ཏུ་རིག་གནས་ཡུལ་སྐོར་ཐོན་ལས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་རྟོག་ཞིབ་གནང་ཞིང་། ཁོང་གིས་ཁྱད་ལྡན་ལེགས་ཆར་གཞི་ཚུགས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་གཏོང་དགོས་པ་དང་། དམར་མདངས་ཐོན་ཁུངས་སྔོག་འདོན་བྱས་ཏེ་དམར་མདངས་གཏམ་རྒྱུད་ཡག་པོ་བཤད་དགོས། སྐྱེ་ཁམས་ཀྱི་དམར་ཐིག་སྲུང་ནས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཐོན་ལས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བྱེད་ཀྱི་རྨང་གཞི་གལ་ཆེན་དང་འདེགས་སྐྱོར་ནུས་ལྡན་ཞིག་ཡིན། ཀྲོང་ཅིན་སུང་ར་འོག་གྲོང་རྡལ་སྣམ་བུའི་ལས་སྣོན་བཟོ་གྲྭ་དང་ཝ་འབེབས་གྲོང་ཚོའི་ཟོག་སྦྲེལ་དྲ་རྒྱའི་ནུས་ཆེའི་རྩི་ཤིང་བཟོ་གྲྭར་ཕེབས་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་དང་དེང་རབས་ཀྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། ཐོན་རྫས་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཐོན་ལས་སྐྱེད་སྲིང་དང་། ཐོན་ལས་འཕེལ་རྒྱས། ཐོན་ལས་སྟོབས་སྐྱེད་བཅས་གནས་བབ་གལ་ཆེན་ཐོག་བཞག་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་ནང་ཚན་རྩལ་གྱི་ཆ་འདུས་ཚད་དང་ཐོན་རྫས་ཀྱི་སྤུས་ཚད་མཐོར་གཏོང་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྟོབས་ཆེར། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་དངོས་ཚན་ཐོན་ལས་ཀྱི་རྣམ་གྲངས་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་ཞིང་པའི་འབབ་འབར་ཕྱུག་འགྱུར་གྱི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་དགོས། ཞིང་འབྲོག་ཐོན་ལས་སྤུས་རྟགས་ཅན་དང་གཞི་ཁྱོན་ཅན་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ་ཞིང་ལས་ལག་རྩལ་ཁྱབ་གདལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་པའི་ཡོང་འབབ་མང་དུ་བཏང་ནས་གྲོང་གསེབ་ཀྱི་གསོན་ཤུགས་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
ལོ་གཉིས་ལྷག་ལ་འཛུགས་སྐྲུན་བྱས་པ་བརྒྱུད་བྲག་གཡབ་རྫོང་དུ་ཡོད་པའི་བོད་ཀྱི་ནས་ཀྱི་ཨ་རག་དཀར་པོའི་རྣམ་གྲངས་བསྐྲུན་པ་དེས་ནས་ལས་སྣོན་ཞིབ་ཚགས་བྱེད་འབོར་ཆེ་རུ་འགྲོ་བ་དང་། ནས་ཀྱི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་། མང་ཚོགས་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། ཀྲོང་ཅིན་སུང་གིས་ནས་ཀྱི་ཨ་རག་དཀར་པོའི་ཐོན་སྐྱེད་བཟོ་ཁང་དུ་ཕེབས་ཏེ་ནས་ཀྱི་ཨ་རག་དཀར་པོའི་རྣམ་གྲངས་ཀྱི་ཕན་འབྲས་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཐོན་ལས་འཛུགས་སྐྲུན་ཡག་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་དགོས་ཤིང་། གླིང་ཁུལ་གྱི་འགྲོ་ལམ་དང་ཆུ་ལམ། དེང་རབས་ཀྱི་ཞིང་ལས། མཛེས་ལྗོངས་འཛུགས་སྐྲུན་སོགས་ཀྱི་ལས་གཞིའི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་བཀོལ་སྤྱོད་ཡག་པོ་སྒྲུབ་ཏེ་ནས་ཀྱི་ཨ་རག་དཀར་པོ་ཐོན་སྐྱེད་བྱེད་པར་རྒྱུ་ཆ་དག་མ་མཁོ་འདོན་བྱེད་པ་དང་། ཞིང་འབྲོག་པ་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ནས་ཀྱི་སོན་བཟང་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་གཏོང་བ། ནས་ཀྱི་རྒྱ་ཐུག་དང་ནས་ཀྱི་གྲོ་ཆན་སྟོབས་ཆེར་གཏོང་བ་སོགས་ཀྱི་ཐོན་རྫས་ལ་དམིགས་ཏེ་ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ་དང་། ཞོར་ཐང་འཕར་བ་བཅས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་ཐབས་བྱས་ནས་མང་ཚོགས་ལ་རྒྱུན་མཐུད་ངང་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་དགོས། རྣམ་གྲངས་ལྟ་སྐུལ་དང་དོ་དམ་ཡག་པོ་སྒྲུབ་ཏེ། འགན་འཁྲིའི་དམར་ཐིག་དང་སྲིད་གཙང་གི་དམར་ཐིག་འདུ་ཤེས་ཆེ་རུ་གཏོང་བ་དང་། སྤྱོད་གཙང་ཉེན་ཁའི་མངོན་མེད་གྲལ་བཤེར་དང་ལས་གྲྭའི་རུལ་སུངས་གནད་དོན་སྔོན་འགོག་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་ཡོད།