འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས2ཉིན་མཛོ་སྒང་རྫོང་ཞ་གླིང་ཁ་ཤང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་གླུ་གར་དང་སྲོལ་རྒྱུན། དེང་རབས་ཀྱི་ཐོན་སྐྱེད་རྩལ་ནུས་འགྲན་སྡུར་སྤེལ་ཡོད།
ཐེངས་འདིའི་བྱེད་སྒོ་ནི་ཤང་ཡོངས་ཀྱི་རིག་གནས་དང་རྩལ་ནུས་ཀྱི་གཅིག་སྡུད་འགྲེམས་སྟོན་ཐེངས་ཤིག་ཡིན་ལ། ཞ་གླིང་ཁ་ཤང་དུས་རབས་གསར་པར་འཕེལ་རྒྱས་འགྲོ་བའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་ཡོད། ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ7གྱི་འགྲན་ཞུགས་བདམས་ཐོན་པ300ཡིས་རང་ཉིད་ཀྱི་འཇོན་ཐང་དང་ནུས་པ་ངོམས་ཡོད། ཤང་ཏང་སྲིད་འགོ་ཁྲིད་གཙོ་བོ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་འཐུས་མི། མང་ཚོགས་ཀྱི་འཐུས་མི་བཅས་ལས་གྲུབ་པའི་དཔྱད་འདེམས་པས་གཞུང་དྲང་དང་དྲང་གཞག་གིས་དཔྱད་འདེམས་བྱས་ཡོད།