(ཚགས་པར་གོང་མར་མཐུད) ནུབ་བརྒྱུད་གྲོས་མོལ་ཚོགས་འདུ། ཐན་ཅིན་གྲོས་མོལ་ཚོགས་འདུ་སོགས་སུ་ཧུར་ཐག་གིས་ཞུགས་པ་དང་། ཁེ་ལས་དང་མ་དངུལ་གཏོང་མཁན་དེ་ལས་མང་བས་ཆབ་མདོར་དོ་ཁུར་དང་ཆབ་མདོར་མ་འཇོག་བྱེད་པར་སྐོང་འགུགས་བྱས་ཏེ། ལོ་འཁོར་གྱི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས100ཐམ་པ་དོན་འཁྱོལ་བྱེད་པར་བརྩོན་ལེན་བྱེད་དགོས་ལ། ཉུང་མཐའ་ཡང་ཁེ་ལས1ཚོང་རར་འདོན་པར་གསོ་སྐྱོང་བྱེད་དགོས། ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱས་ནས། བསམ་ངན་ཁོག་བཅུག་གིས་བུ་ལོན་ཆད་འགྱངས་བྱེད་པ་དང་བཙན་ཉོ་བཙན་འཚོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས་ལ། ཚོང་ར་དང་ཚོང་གཉེར། བདེ་འཇགས། མི་སྡོད། སྤྱོད་གཙང་བཅས་ཀྱི“ཁོར་ཡུག་ཆེན་པོ་ལྔ”མུ་མཐུད་ནས་ལེགས་བཅོས་གཏོང་དགོས།
ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་ཤེས་ལྡན་མི་སྣའི་ལས་གཞི་དང“ཇོ་རིའི་ཤེས་ལྡན་མི་སྣའི”འཆར་གཞི་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱས་ནས། གསར་གཏོད་ཤེས་ལྡན་མི་སྣའི་སྐུལ་འདེད་འཆར་གཞི་ལག་བསྟར་གཏིང་ཟབ་བྱ་དགོས། གྲོང་ཁྱེར་རིམ་པའི་ཀུན་གཏོད་བར་སྟོང་དེ་རང་སྐྱོང་ལྗོངས་རིམ་པའི་ཀུན་གཏོད་བར་སྟོང་ལ་ངོས་འཛིན་བྱ་རྒྱུར་འོས་སྦྱོར་ཧུར་ཐག་བྱས་ནས། “གཅིག་གཏད་གཅིག”གི་ཚན་རྩལ་རྣམ་པའི་ཁེ་ལས་གསོ་སྐྱོང་དང་ངོས་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ། མཐོ་གསར་ལག་རྩལ་ཁེ་ལས1དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་20གཏན་འཁེལ་བྱེད་པར་བརྩོན་ལེན་བྱ་དགོས། ཚན་རྩལ་བོད་སྐྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཚན་རྩལ་བོད་སྐྱོར་རྣམ་གྲངས2བརྩོན་ལེན་བྱ་ཐུབ་པ་དགོས། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་འགན་ལེན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས་ལ། ཆབ་མདོའི་རི་མཐོའི་གྲོག་རོང་གི་སྐྱེ་ཁམས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་ས་ཚིགས་གང་མགྱོགས་ཀྱིས་བསྐྲུན་དགོས།
(དྲུག) ཐ་གྲས་སྐྱོང་བ་དང་དོན་དངོས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། བརྩེ་བ་དང་སེམས་ཤུགས་ཆེན་པོའི་སྒོ་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས།
ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པའི་ལས་ཞུགས་སྲིད་ཇུས་མ་ལག་འཐུས་ཚང་གཏོང་རྒྱུ་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞི། དེ་བཞིན་སྒོར་ཁྲི400མན་གྱི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་སོགས་ཀྱི་ལས་གཞིར་བརྟེན་ནས། “གྲོང་ཁྱེར་གྱིས་གཅིག་གྱུར་འཆར་འགོད་དང་། རྫོང་གིས་བཀོད་གཏོང་། ཤང་གིས་ཐོ་འགོད། གྲོང་ཚོའི་རྩ་འཛུགས”བཅས་ཀྱི་རྣམ་པ་གསར་པ་རྒྱུན་མཐུད་ངང་ཁྱབ་སྤེལ་གཏོང་དགོས་ལ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་བྱས་འབྲས་དཔྱད་ཞིབ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་མི་ཐེངས་ཁྲི12ཡན་དང་འབབ་འཕར་སྒོར་དུང་ཕྱུར12ཡན་འགན་ལེན་ཐུབ་པ་བྱ་དགོས། སློབ་ཆེན་གྱི་སློབ་མ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་ལས་སྟེགས་ཧུར་ཐག་སྐྲུན་པ་དང་། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་དང་ལས་སྐྲུན་ལ་བསྔགས་སྐུལ། ལས་ཞུགས་ལས་གནས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཤོང་ཚད་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་སྤེལ་བ་དང་། ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ལས་ཞུགས་ལས་གནས་ཁྲི1.2གསར་སྤེལ་བྱ་རྒྱུར་བརྩོན་ལེན་བྱེད་དགོས་པ་མ་ཟད། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད95%ཡན་ཟིན་ཐུབ་པར་བྱེད་པ་དང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད12%ཡན་ཟིན་ཐུབ་པ་བྱ་དགོས།
སློབ་གསོའི་སྤུས་ཚད་གང་མྱུར་གྱིས་མཐོ་རུ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་ལམ་སྲོལ་འཐུས་ཚང་བཟོས་ནས། སློབ་གྲྭ་འབྲིང་ཆུང་གི་བསམ་བློའི་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་འཛུགས་རྒྱུར་སྐུལ་འདེད་དང་། སློབ་གྲྭའི་རྒྱལ་སྲུང་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། “འགན་ལེན་གསུམ”གྱི་ལས་གཞིར་སྐུལ་འདེད་གཏིང་ཟབ་བཏང་ནས། སློབ་ཁང་དང་ཉལ་ཁང་མི་འདང་བའི་གནས་ཚུལ་ཟམ་མི་ཆད་པར་ཆད་གསབ་བྱེད་དགོས་པ་དང་། སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྱོང་དང་ཚད་ལྡན་ཅན་གྱི་དོ་དམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། “སློབ་གསོའི་སྤུས་ཚད་མཐོར་གཏོང་ལོའི”ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ནས། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་སྐུལ་འདེད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། ས་ཁོངས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་ཡག་པོ་སྤྱད་དེ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཁྲུང་ཆིང་ཆབ་མདོའི་ཆ་ཚང་སློབ་འབྲིང་དང་ཚད་ལྡན་ཅན་གྱི་ཁྱད་ལྡན་འབྲིང་རིམ་ལས་རིགས་སློབ་གྲྭ། མཐོ་རིམ་ལས་རིགས་སློབ་གླིང་། དེ་བཞིན་སློབ་གསོ་གྲངས་གཞི་ཅན་དང་རིག་ལྡན་སློབ་གྲྭ་བཅས་ཀྱི་འཛུགས་སྐྲུན་བྱེད་ཤུགས་མགྱོགས་སུ་གཏོང་དགོས།
སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་བ། ཧྥུའུ་ཅན་གྱི་ཁ་གཏད་བོད་སྐྱོར་གྱི་ལེགས་ཆར་གང་ལེགས་བརྟེན་པ་དང་། “སན་མིང་གི་སྨན་བཅོས་སྒྱུར་བཅོས”ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། 2024ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་གཞུང་བཙུགས་སྨན་ཁང་གི་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་། སྤྱི་པའི་སྨན་བཅོས་ཐོན་ཁུངས་ཀྱི་སྤྱི་ཡོངས་བཀོད་སྒྲིག་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་། སྨན་ཁང་མདུན་གྱི་མྱུར་སྐྱོབ་མ་ལག་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་དགོས། སྨན་བཅོས་འཕྲོད་བསྟེན་གྱི་ནུས་པ་ཆེ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་ལས་གནས་ཀྱི་རྩལ་ནུས་འགྲན་བསྡུར་བྱེད་པ། ཐོབ་ཐང་མེད་པའི་སྨན་དོན་མི་སྣ་གཙང་སེལ་གྱི་བྱེད་སྒོ་སྤེལ་བ། ཚད་ལྡན་ཅན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གློག་རྡུལ་བདེ་ཐང་ཡིག་ཚགས་འཐུས་ཚང་འཛུགས་པ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་བརྟག་དཔྱད་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་དགོས། འགུལ་ཚུལ་གྱིས་ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་མེད་པ་བཟོ་བ་དང་། བྱིས་པའི་ལྷན་སྐྱེས་སྙིང་ནད་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་བ། གྲོང་ཁྱེར་ཡོངས་སུ་ཉུང་མཐར་ཡང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་6ལ་སྐྱ་འགྲིབ་སྨན་བཅོས་ཐུབ་པའི་འགན་ལེན་བཅས་བྱ་དགོས།
སྤྱི་ཚོགས་འགན་སྲུང་གི་མཐའ་ཚད་གང་ཐུབ་དམ་སྲུང་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའི་འགན་བཅོལ་སོགས་ཀྱི་ལམ་ལུགས་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས། རྒན་གསོ་དང་། ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་མ་ལག་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་ཚད་གཞི་མཐོ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་ལ། སྨན་བཅོས་འགན་བཅོལ་གྱིDIPགཏོང་སྤྲོད་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། འགན་བཅོལ་ཆེན་པོ་ལྔ་བསྡུ་ལེན་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་ལེགས་སྒྲུབ་བྱ་དགོས། “རྒན་གཅིག་དང་གཞོན་གཅིག”གི་ལས་གྲྭ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དབང་པོ་སྐྱོན་ཅན་དང་མ་མཐའི་འཚོ་བ་འགན་ལེན། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ངོས་འཛིན་གཏན་འཁེལ་བྱེད་པ། ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་དོ་དམ། ནར་མ་སོན་པའི་དཀའ་ངལ་ཅན་ལ་རོགས་སྐྱོབ་དང་སྲུང་སྐྱོང་བྱ་རྒྱུར་བཅས་ལ་ཤུགས་སྣོན་རྒྱག་དགོས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་རིམ་སྤར་སྒྱུར་བཀོད་བྱ་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ100%གཅིག་སྡུད་བསྙེན་བཀུར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས།
རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་གཏོང་བ་དང་། རིག་གནས་ཐོན་ཁུངས་སྤུས་ལེགས་ཐད་གཞི་རིམ་དུ་ཁྱབ་པའི་ལམ་སྲོལ་འཛུགས་དགོས་ལ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་རིག་གནས་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱེད་པ་དང་། ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པ་གྲ་སྒྲིག་ཡག་པོ་བྱེད་དགོས་ལ། རིག་རྩལ་འཚོལ་བསྡུ་གཏིང་ཟབ་སྤེལ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་གསར་བརྗེའི་རྗེས་ཤུལ་སྲུང་སྐྱོང་སྔོག་འདོན། འགྲེམས་སྟོན་བེད་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་སྤེལ་བྱས་ཏེ། ཆབ་མདོའི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྲོལ་གོམས་འདྲིས། གོང་འཕེལ་འགྱུར་ལྡོག་བཅས་མཚོན་པའི་ཟློས་གར་ཆེ་གྲས་རྩོམ་སྒྲིག་བྱས་ནས། ནུས་ཤུགས་ཡོད་རྒུས་ཆབ་མདོའི་རིག་གནས་ཀྱི་མིང་བྱང་གཏོད་དགོས། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་ཚན་པ་ཁག་དགུ་པར་གང་ནུས་ཀྱིས་སྙན་ཞུ་འབུལ་དགོས་ལ། ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་སྒྱུར་བཀོད་རིམ་སྤར་མགྱོགས་སུ་གཏོང་བ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས“གསོན་དུ་འཇུག་པ”དང“དར་དུ་འཇུག་པ”ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
(བདུན)རི་སྔོན་པོ་དང་ཆུ་དྭངས་མོ་སྲུང་བར་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་སྲ་བརྟན་མཐོར་གཏོང་དང་བསྐྱར་བཤེར་སྔོན་བསུ་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབས་ཏེ། ཁོར་ཡུག་དཔྱད་དཔོག་མཆན་འགོད་ཀྱི་འགག་སྒོ་དང“མཐོ་གཉིས”རྣམ་གྲངས་ཀྱི་ཆོག་འཐུས་འགག་སྒོ་ནན་པོ་སྲུང་བ་དང་། ས་གཤིས་གནོད་འཚེ་འགོག་བཅོས་མ་ལག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་བཅོས་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས་སྣོད་བཅུད་ཤེས་དཔལ་མཐོ་ས་འཛུགས་སྐྲུན་གྱི་རིགས་ཆེ་གྲས6གི་དམིགས་ཚད་ཁག34ཚང་མ་ཚད་གཞིར་སླེབས་པའི་བརྩོན་ལེན་བྱ་རྒྱུ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཟླ་ཆུའི་ཆུ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁུལ་དུ་ཧུར་ཐག་ཞུགས་པ། “ཆུ་བོ་གཉིས་དང་གཙང་པོ་གཅིག་”གི་ཤར་ནུབ་ངོགས་ཀྱི་སྔོ་ལྗང་ཅན་དུ་སྒྱུར་བའི་ལས་གྲྭར་སྐུལ་འདེད་ཧུར་ཐག་གཏོང་བ། ཆུ(མཚེའུ)དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། བཙོག་ཆུ་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་དང་ཚད་གཞི་མཐོར་གཏོང་གི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་བཟོ་ལས་དང་འཚོ་བའི་བཙོག་ཆུ་ཚད་གཞི་ལྟར་འབུད་ཐུབ་པ་བྱ་དགོས། འཚོ་བའི་གད་སྙིགས་གཙང་སེལ་བཟོ་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། མཐོ་བརྩོན་དང་ཤོད་ཐང་། དུང་དཀར་ཨར་འདམ་བཟོ་གྲྭ་བཅས་རྟེན་གཞི་གསུམ་དུ་བྱས་ཏེ། རྫོང་(ཆུས)11གི་འཚོ་བའི་གད་སྙིགས་གཙང་སེལ་བཟོ་རྒྱུར་ཁྱབ་འགྱེད་ཀྱིས་རྩ་བའི་ཐོག་ནས་འཚོ་བའི་གད་སྙིགས་གཙང་སེལ་བཟོ་རྒྱུའི་དཀའ་གནད་སེལ་ཐུབ་པ་བྱེད་དགོས། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་འགན་འཁྲི་ཚེ་གང་བདའ་འདེད་ཀྱི་ལམ་ལུགས་ལག་བསྟར་བྱས་ནས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལན་སྤྲོད་གནད་དོན་བཅོས་སྒྲིག་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཞིབ་བཤེར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་འདེགས་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་ཐོན་ལས་དང་ཐཱན་འདུས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གཏེར་ཁའི་ཐོན་ཁུངས་ལྗང་མདོག་རྩད་ཞིབ་དང་གསར་སྤེལ་ལ་སྐུལ་འདེད་གཏོང་བ། ནགས་འོག་དཔལ་འབྱོར་དང་ཕྱུགས་འོད་གསབ་རེས་སོགས་སྣོད་བཅུད་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་ཀྱི་ཐོག་ནས་མང་ཚོགས་སྔར་ལས་མང་པོ་སྐྱེ་ཁམས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པ་བྱ་དགོས།
(བརྒྱད) སྤྱོད་ཚུལ་ལེགས་འགྱུར་དང་ལས་ཆོད་མཐོ་རུ་གཏོང་བར་མཐའ་འཁྱོངས་བྱས་ནས། རང་ངོས་འཛུགས་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས།
ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་དེ་སྲིད་གཞུང་གི་ལས་ཀ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་དོན་འཁྱོལ་ཡོང་བར་མཐའ་འཁྱོངས་བྱས་སྟེ། ཏང་ཀྲུང་དབྱང་ལ་བཀའ་བརྡ་ཡོད་པ་དང་རང་སྐྱོང་ལྗོངས་ལ་བཀོད་ཁྱབ་ཡོད་པ། གྲོང་ཨུད་ལ་བཀོད་སྒྲིག་ཡོད་པ་བཅས་བྱས་ནས། སྲིད་གཞུང་གིས་མཐའ་གཅིག་ཏུ་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་ལག་བསྟར་ལ་ཤུགས་སྣོན་རྒྱག་པ། ཕན་འབྲས་མངོན་གྱུར་བྱེད་པ་བཅས་བྱ་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་རང་འགུལ་ངང་དང་ལེན་བྱ་དགོས་ལ། ལྟ་ཞིབ་ལྟ་སྐུལ་དང་གསར་འགྱུར་སྨྱན་སྦྱོར། སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་ལྟ་སྐུལ་བཅས་རང་འགུལ་ངང་དང་ལེན་བྱ་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ནན་ཏན་ངང་སྒྲུབ་པ་དང་། རྩིས་བཤེར་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་གཅིག་མཐུན་ཡོང་བར་ཤུགས་སྣོན་བརྒྱབ་ནས། སྲིད་གཞུང་གི་དབང་ཆ་སྤྱོད་སྐབས་སྒྲིག་ལམ་ལྡན་པ་དང་ལྟ་སྐུལ་ནུས་ལྡན་ཐུབ་པའི་འགན་ལེན་བྱ་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཆབ་མདོ་གྲོང་ཁྱེར་དང་རྫོང་ (ཆུས) 11གི་བཅའ་ཁྲིམས་བློ་འདྲིའི་ལས་སྟེགས་ཧུར་ཐག་བསྐྲུན་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་དགོས། ཡིག་བསྐུར་ངོ་བཅར་གྱི“རུས་མཁྲེགས་གྱོད་གཞི”དང་“ལྕགས་གཟེར་གྱོད་གཞི” ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཁྲིམས་ལྟར་གཙང་སེལ་བྱ་དགོས། “གཞི་རིམ་དུ་སྐྱོད་པ་བཞི”ཡི་ལས་ཀ་བྱེད་སྟངས་མཐའ་འཁྱོངས་བྱེད་པ་དང་། རྫོང(ཆུས)དང་ཤང་གྲོང་རྡལ། གྲོང་ཚོ། (སྡེ་ཁུལ) དགོན་སྡེ་བཅས་དང་འབྲེལ་བ་གཏིང་ཟབ་བྱས་ནས། སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། “སྤྱོད་ཚུལ་ཞིབ་བཤེར་དང་འགན་འཁྲི་ཞིབ་བཤེར། སྐྱོན་ཆ་ཞིབ་བཤེར། དོན་འཁྱོལ་ཞིབ་བཤེར”བཅས་རྒྱུན་གཏན་དང་ཟུང་འབྲེལ་བྱ་དགོས་ལ། རྒྱུན་དུ་དམ་འཛིན་བྱེད་པ་དང་དཔྱད་ཞིབ་བྱ་ཐབས་འཐུས་ཚང་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྙིང་རུས་ཆེན་པོས་ཡོ་བསྲང་བྱ་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱེད་པ། སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་ཀྱིས་སྐུལ་འདེད་གཏོང་དགོས། སྔོན་རྩིས་གཅུན་སྡོམ་དང་ཕན་འབྲས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “གཞུང་གྲོན་གསུམ”འགྲོ་གྲོན་དང་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱས་ནས། གོ་རིམ་མེད་པར་བུ་ལོན་བླངས་ནས་འཛུགས་སྐྲུན་བྱེད་རིགས་སྔོན་འགོག་ནན་པོ་བྱ་དགོས།
འཐུས་མི་རྣམ་པ། དམིགས་ཚད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་ལས་འགན་གྱིས་མི་རྣམས་ལ་ངར་ཤུགས་སློང་ངེས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ལྗོངས་ཏང་ཨུད་དང་སྲིད་གཞུང་། གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་དམིགས་ཚད་གཏན་འཁེལ་དང་། ཡིད་ཆེས་བརྟན་པོ། ལས་དོན་མྱུར་སྒྲུབ། དམ་པ་དོན་གཉེར་བཅས་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཆབ་མདོའི་ལག་ལེན་ཐད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བར་སྐུལ་འདེད་བྱེད་དགོས།
(རྫོགས་སོ)

