འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2པའི་ཚེས27ཉིན་གྱི་དགོང་མོར། བོད་ཀྱི་ལོ་གསར་གྱི“དགུ་ཐུག”ཉིན་མོར་འཁེལ་ཡོད། དཔའ་ཤོད་རྫོང་གིས“བརྩེ་བ་མཉམ་དུ་འགྲོགས། ལོ་གསར་དགའ་གཏོང་བྱེད”ཅེས་པའི་བྱེད་སྒོ་གཉེར་བ་རེད།
བྱེད་སྒོའི་ཡུལ་དངོས་ཐོག་རྫོང་འགོ་ཁྲིད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པའི་འཐུས་མིར་བཀྲ་ཤིས་པའི་ཁ་བཏགས་བསྒྲོན་ནས་ཕན་ཚུན་ལ་ལོ་གསར་གྱི་སྨོན་འདུན་ཞུས་པ་དང་། དེ་དང་ཆབས་ཅིག་ཏུ་རྫོང་འགོ་ཁྲིད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པ་དང་མཉམ་དུ་“དགུ་ཐུག”དང་། ཅའོ་ཙེ་སོགས་བཟོས་ཏེ་ལས་བྱེད་པ་དང་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་གྱི་རྣམ་པ་མངོན་ཡོད།