国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年03月04日

དཔལ་འབར་རྫོང་ས་སྟེང་ཤང་གིས་བོད་ཀྱི་ལོ་གསར་གྱི་རིག་རྩལ་བྱེད་སྒོ་སྤེལ་བ།

པར་འདི་ནི་ཐག་འཐེན་འགྲན་སྡུར་གྱི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2པའི་ཚེས25ཉིན་དཔལ་འབར་རྫོང་ས་སྟེང་ཤང་གིས་བོད་ཀྱི་ལོ་གསར་གྱི་རིག་རྩལ་བྱེད་སྒོ་སྤེལ་ཡོད།

བྱེད་སྒོ་ཡིས“བཀྲ་ཤིས་ལོ་གསར། བདེ་སྐྱིད་ཁྱིམ་གཞི”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཐོག་ནས་དམིགས་བསལ་གྱི་ཞབས་བྲོའི་ལེ་ཚན5དང་ལུས་རྩལ་རྣམ་གྲངས2བདམས་གསེས་བྱས་ཏེ་གྲོང་ཚོ་ཁག་གི་རིག་རྩལ་རུ་ཁག་གིས་འཁྲབ་སྟོན་དང་། བྲོ་གར་གྱི་ལམ་ནས་ཞིང་འབྲོག་པ་མང་ཚོགས་ཀྱིས་ཏང་གི་ཁྲིད་སྟོན་འོག་མི་སེར་གྱི་འཚོ་བ་བདེ་ཞིང་སྐྱིད་པ་དང་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་མཚོན་ཡོད་པ་དང་། དེ་དང་ཆབས་ཅིག་ཏུ་ཐག་འཐེན་འགྲན་སྡུར་དང་སྣུམ་ཟོམ་བརྒལ་བའི་འགྲན་སྡུར་གྱི་རྣམ་པའི་ཐོག་ནས་ཞིང་འབྲོག་མང་ཚོགས་ཀྱི་སྤྲོ་སྣང་ཆེན་པོ་དང་མཐུན་སྒྲིལ་མཉམ་ལས་མངོན་པོར་བྱས་ཡོད།