国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年03月04日

ཆབ་མདོ་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས།

ཁྲིམས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱེད་སྒོ་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས“གྱོད་གཞི་ཚང་མ་སྤུས་ཕན་གཉིས་ལྡན་གྱི་སྒོ་ནས་སྒྲུབ་པའི”གཙོ་རྐང་ལ་དམིགས་ཏེ“དགའ་དགའ་སྤྲོ་སྤྲོའི་ངང་བོད་དུ་ཡུལ་སྐོར་བྱེད་པའི”སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ཆེད་དོན་བྱེད་སྒོའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཧུར་ཐག་བྱས་པ་དང་། ཡུལ་སྐོར་བའི“བཟའ་བཅའ་དང་། སྡོད་ཁང་། འགྲུལ་བཞུད། རོལ་རྩེད། ཉོ་སྒྲུབ”སོགས་ལ་དམིགས་ཏེ། ཞིབ་དཔྱོད་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་དམངས་འཚོའི་རྨང་གཞི་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་འཚོ་བ་སྲུང་སྐྱོང་བཅས་བྱས་པ་རེད། བྱེད་སྒོ་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་དང་རྫོང་གི་རིམ་གཉིས་ཞིབ་དཔྱོད་ཁང་གིས“དགའ་དགའ་སྤྲོ་སྤྲོའི་ངང་བོད་དུ་ཡུལ་སྐོར་བྱེད་པའི”ཞིབ་དཔྱོད་ཆེད་དོན་གྱོད་གཞིའི་ཁུངས་སྣེ་43བདག་སྤྲོད་བྱས་པ་དང་གྱོད་གཞི་41གྱོད་ཐོ་བཀོད་པ་རེད།

དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་དུ་བཏང་ནས་ས་མཐོའི་ཁྱད་ལྡན་གྱི་ཡུལ་སྐོར་འཛད་སྤྱོད་ཐོན་རྫས་ཁྲོམ་ར་ལེགས་སུ་བཏང་ཞིང་། ཚགས་ཤ་སྐམ་པོ་སོགས་ཚགས་ཤའི་ཐོན་རྫས་ནི་བོད་ཀྱི་ཡུལ་ཟོག་དང་བོད་ཀྱི་ཁྱད་ལྡན་ཡུལ་སྐོར་ཁྲོམ་རའི་མིང་བྱང་ཞིག་ཡིན་པས། དེའི་ཁྲོམ་རའི་ཚད་གཞི་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་། བྲག་གཡབ་དང་། སྟེང་ཆེན། གོ་འཇོ། འཇོ་མདའ། སྨར་ཁམས་སོགས་རྫོང་གི་ཞིབ་དཔྱོད་ཁང་གིས་ཡུལ་སྐོར་ཁྲོམ་རར“ཚགས་ཤ་སྐམ་པོ་རྫུན་མ”འཚོང་བ་དང་། ཚགས་ཤ་སྐམ་པོའི་ཐུམ་སྒྲིལ་ལ་མཚོན་རྟགས་མེད་པ། ནང་འདྲེན་བྱས་པའི་ཤ་སྐམ་པོ་བོད་ཀྱི་ཚགས་ཤ་སྐམ་པོར་རྫུ་བ། ཕག་ཤ་སྐམ་པོ་ཚགས་ཤ་སྐམ་པོར་རྫུ་བ། རིམས་བཤེར་མ་བྱས་པའི་ཚགས་ཤ་འཚོང་བ་སོགས་ཁྲིམས་འགལ་གྱི་གནད་དོན་ལ་དམིགས་ནས། ཞིབ་དཔྱོད་གྲོས་འགོ་བཟོས་ཏེ། ཡུལ་སྐོར་ཁྲོམ་རའི་བཟའ་བཅའི་ལས་གཉེར་བ་རྣམས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་འཛད་སྤྱོད་པའི་ཁེ་དབང་འབྱུང་རྩ་ནས་འགན་སྲུང་བྱེད་པར་ལྟ་སྐུལ་བྱས་པ་རེད།

མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་རེ་སྒུག་གི་གནད་དོན་ཐག་གཅོད་ཤུགས་ཆེན་བྱ་ཆེད། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”བྱེད་སྒོ་དེ་སྤྱི་ཕན་གཏུག་བཤེར་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟའ་བཅའི་གོ་ཆོད་དུས་ཡུན་དང་བཟའ་བཏུང་ལས་གཉེར་བར་བདེ་ཐང་ལག་ཁྱེར་ཡོད་མེད་སོགས་ལ་གྲལ་བཤེར་བྱས་པ་རེད། སྟེང་ཆེན་རྫོང་ཞིབ་དཔྱོད་ཁང་གིས་རྩེ་དྲུག་དགོན་མཛེས་ལྗོངས་ཁུལ་གྱི་རྫུན་ལྷད་ཞན་གསུམ་གྱི་བཟའ་བཅར་ཆེད་དོན་ལྟ་སྐུལ་བྱས་པ་དང་། འཇོ་མདའ་དང་རི་བོ་ཆེ་རྫོང་ཞིབ་དཔྱོད་ཁང་གིས་སྐོར་ཚོང་རྒྱག་མཁན་གྱིས་རིམས་བཤེར་དཔང་ཡིག་མེད་པའི་ཚགས་ཤ་འཚོང་བའི་གནད་དོན་ལ་དམིགས་ནས། ལས་རིགས་གཙོ་གཉེར་སྡེ་ཚན་ལ་སྲོག་ཆགས་ཀྱི་རིམས་བཤེར་བྱེད་དགོས་པའི་ལྕག་སྐུལ་བྱས་པ། བྲག་གཡབ་རྫོང་ཞིབ་དཔྱོད་ཁང་གིས་སྒྲིག་འགལ་ངང“སོས་མཐོང་ཤེལ་ཏོག”བེད་སྤྱོད་བྱེད་པའི་གནད་དོན་ལ་ཆེད་དོན་གྲལ་བཤེར་བྱས་པ། སྟེང་ཆེན་དང་། འཇོ་མདའ། ལྷོ་རོང་བཅས་རྫོང་གི་ཞིབ་དཔྱོད་ཁང་གིས་དྲ་རྒྱའི་བཟའ་བཏུང་གཉེར་སྐྱོང་བ་137ལ་དྲ་ཐོག་གི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པའི་སྐུལ་འདེད་བཏང་ནས་ཡུལ་སྐོར་བའི“ལྕེ་ཐོག་གི་བདེ་འཇགས”ནུས་ཤུགས་ཡོད་རྒུས་བསྲུངས་པ་རེད།