国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年03月04日

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་སུ་རྟོག་ཞིབ་གནང་བ།

ཀྲོང་ཅིན་སུང་གིས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་ཁའོ་ཧྲིར་རྟོག་ཞིབ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་གྲོང་ཁྱེར་སྤྱི་བདེ་ཅུས་སུ་རྟོག་ཞིབ་གནང་ཞིང་། ཁོང་གིས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་བརྟེན་ནས་སྲིད་ཁྲིམས་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ་དང་། སྲིད་ཁྲིམས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཐོག་མར་བརྩིས་ནས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། མཐའ་ཚད་ཀྱི་བསམ་གཞིག་བརྟན་པོར་འཛུགས་པ། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁྲིམས་ལྟར་བཅོས་སྐྱོང་ཆེ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་བསྲིང་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་སྔ་རྗེས་སུ་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གཞུང་ལས་ཁང་དང་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་མཛུབ་ཁྲིད་ཁོའོ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཅས་སུ་བསྐྱོད་དེ་ལས་དོན་མི་སྣ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་སྲིད་ཇུས་ཞིབ་འཇུག་དང་། དཔུང་ཁག་དོ་དམ། “དྲ་བ་གཅིག་དང་ལས་སྟེགས་གཅིག”བཅས་འཛུགས་སྐྱོང་གི་ལས་དོན་སྤེལ་ཚུལ་ཐད་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། སྲིད་ཁྲིམས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྲིད་ཁྲིམས་སྒྱུར་བཅོས་ཀྱི་ལས་འགན་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱས་ཏེ་བསམ་བློ་གཅིག་གྱུར་ཁྲོད་བསམ་བློ་བཅིངས་འགྲོལ་གཏོང་བ་དང་ངོས་འཛིན་གཏིང་ཟབ་བྱེད་པའི་ཁྲོད་ངོས་འཛིན་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་སྲིད་ཁྲིམས་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་བསམ་བློ་གཏོང་བ་དང་ཇུས་འགོད་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་པའི་ཕན་འབྲས་དངོས་ལ་བརྟེན་ནས་སྲིད་ཁྲིམས་ལས་དོན་གྱི་ནུས་པའི་ཆུ་ཚད་ལ་ཞིབ་དཔྱད་བྱེད་དགོས་པའི་ནན་བཤད་གནང་ཡོད།

བརྟག་ཞིབ་གནང་རིང་། ཀྲོང་ཅིན་སུང་གིས་ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རང་སྐྱོང་ལྗོངས་སྲིད་ཁྲིམས་ཨུ་ལྷན་གྱི་མཛུབ་ཁྲིད་ནུས་ལྡན་འོག གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས“ལས་འཛོལ་མི་ཐོན་པ་དང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ལ་རྙོག་དྲ་མི་བཟོ་བ”མཐའ་ཚད་དུ་བྱས་ཏེ་འབད་འབུངས་མདུན་སྐྱོད་དང་རང་འགུལ་ངང་ལས་དོན་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་ཉེན་ཁ་འགོག་པ་དང་། བདེ་འཇགས་འགན་ལེན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་བདེའི་ཆབ་མདོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྤྱི་ཚོགས་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་ཏེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲིད་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད་ཅེས་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་ནི་གྲོང་ཨུད་ཀྱི་འགོ་ཁྲིད་འོག་གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་དོན་དོ་དམ་དང་མཐུན་སྦྱོར་བྱེད་མཁན་འགན་ནུས་སྡེ་ཚན་ཞིག་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཆབ་མདོའི་སྒྱུར་བཅོས་དང་འཕེལ་རྒྱས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་འགན་ལྕི་པོ་འཁུར་ནས་སྲིད་ཁྲིམས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་ལྕི་བ་དང་དོན་སྙིང་གལ་ཆེན་ལྡན་ཡོད། གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱེད་པ། ཉེན་ཁའི་མི་མངོན་པའི་རྐྱེན་ངན་སྔོན་འགོག གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་བ་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ལས་ཀའི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་དང་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ། གྲི་མགོ་བཟུང་དབང་ཏང་དང་མི་དམངས་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པ་བཅས་བྱེད་དགོས། ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དུས་བདེའི་ཆབ་མདོ་དང་ཁྲིམས་སྐྱོང་ཆབ་མདོ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་བྱེད་སྒོ་སྤེལ་རྒྱུ་དེ་རྩ་བཅོས་ཀྱི་བྱ་ཐབས་སུ་བརྩིས་ནས་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་འགན་ལེན་བྱེད་དགོས། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་སྒྲིག་སྲོལ་གྱི་ལེ་ལག་ཚང་བའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སྒྲིག་ཁྲིམས་ལ་བརྟེན་ནས་ཟིལ་ཤུགས་གཏོད་པ། གསར་གཏོད་ལ་བརྟེན་ནས་ཕན་འབྲས་ཆེར་གཏོང་། ཚན་རྩལ་ལ་བརྟེན་ནས་ནུས་པ་འདོན་པ་སོགས་ཀྱི་ཐབས་མང་མཉམ་སྤྱོད་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་ཆབ་མདོའི་སྲིད་ཁྲིམས་ཀྱི་ལྕགས་དམག་གཏོད་དགོས་པའི་ནན་བཤད་གནང་ཡོད། གྲོང་ཁྱེར་སྤྱི་བདེ་ཅུད་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་ཏུ་ཀྲོང་ཅིན་སུང་གིས་མི་དམངས་ཉེན་རྟོག་པ་དང་གླེང་མོལ་སྤེལ་རེས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་མ་ཟད་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ཉེན་རྟོག་པ་ཚོར་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་མི་དམངས་སྤྱི་བདེ་ནི་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་ཆེ་ཤོས་བྱེད་པའི་རྟེན་ས་ཞིག་རེད། ཚང་མས་ཐོག་མཐའ་བར་གསུམ་དུ་ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། ལས་གནས་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་གསུང་གནང་བ་རེད།

ཀྲོང་ཅིན་སུང་གིས་2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བ་དང་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་ལ།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི”ལས་ཀའི་དམིགས་ཚད་ཀྱི་འགོ་འཛུགས་ལོ་ཞིག་ཀྱང་ཡིན། གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ།“དོན་ཆེན་བཞིར”དམ་པོར་དམིགས་པ།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བ་དང་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བའི་བརྟན་ལྷིང་སྲུང་སྐྱོང་གི་བདེ་སྲུང་མཚམས་ཐིག་གཙོ་བོར་བྱེད་པ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཁ་གསལ་བཏོན་པའི་བླང་བྱ་ཁག་ལས་འགན་ལ་བརྩིས་ཏེ་གཙོ་གནད་དམ་འཛིན་དང་། དཀའ་གནད་སེལ་བ། སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་བཅས་བླང་བྱ་གཞིར་བཟུང་ཁྱོན་ཡོངས་ནས་ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།