国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年03月04日

ལོ་གསར་རྣམ་པ་ཟབ། སྐྱིད་པའི་སྣང་བ་འབར།

འདི་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་བོད་རྒྱའི་སྐད་གཉིས་ཀྱི་ཐོག་ནས་ལྒང་བཞུའི་གབ་ཚིག་བྱེད་སྒོ་སྤེལ་བ་དང་གྲོང་མི་མང་པོ་ཞིག་བྱེད་སྒོ་ནང་ཞུགས་བཞིན་པ།

གོ་འཇོ་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡིས“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ཀྱི་ལོ་གསར་བསུ་བའི་ལྒང་བཞུའི་གབ་ཚིག”བྱེད་སྒོ་སྤེལ་བ་རེད། གབ་ཚིག་གི་ནང་དོན་ཕུན་སུམ་ཚོགས་པ་དང་། དེའི་ཁོངས་སུ་བོད་ཀྱི་གཏམ་དཔེ་དང་དམངས་སྲོལ་ཤེས་བྱ་ཡོད་པ་མ་ཟད། གཞན་ད་དུང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་དམར་དམངས་རིག་གནས་སོགས་ཀྱང་ཡོད།