འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2པའི་ཚེས28ཉིན་བོད་ཤིང་སྦྲུལ་ལོའི་ལོ་གསར་སླེབས་ལ་ཉེ་སྐབས། རྒྱལ་ཡོངས“གྲོང་ཚོའི་མཚན་ཚོགས”དཔེ་སྟོན་འཁྲབ་སྟོན་ས་ཚིགས་སྟེ་དཔལ་འབར་རྫོང་སྐྱེ་ངུ་གྲོང་ཚོ་འདུ་འཛི་འཁྲུག་པོ་ཡོད། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་ཚོའི་མཚན་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་དེ་གནས་འདིར་སྤེལ་བ་དང་། གྲོང་ཚོ་ཁག་ནས་ཡོང་བའི་མང་ཚོགས་1000ལྷག་གིས་ལྟད་མོ་བལྟས་ཡོད།
མི་རིགས་ཁག་གི་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་ལ་ཐུན་མོང་གིས་ལོངས་སུ་སྤྱོད་བཞིན་ཡོད། འཁྲབ་སྟོན་པ་ཚོའི་མཛེས་སྡུག་ལྡན་པའི་བྲོ་གར་གྱི་སྟང་སྟབས་དང་སྙན་འཇེབས་ཡིད་དབང་འཕྲོག་པའི་ཉམས་འགྱུར་དེ་བཞིན་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་ལ་བརྟེན་ནས་ལྟད་མོ་བ་ལ་མིག་ལ་མཛེས་ཤིང་རྣ་ལ་སྙན་པའི་གསོལ་སྟོན་ཞིག་བཤམས་ཡོད།