国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年03月04日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཡིག་ཆ་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། འབྲེལ་ཡོད་ལས་དོན་སྙན་སེང་ལ་གསན་པ། འབྲེལ་ཡོད་དོན་འཁྱོལ་ལས་དོན་ལ་བཀོད་སྒྲིག་བཅས་གནང་ཡོད།

གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལས་དོན་གནས་ཚུལ་སྙན་སེང་ལ་གསན་རྗེས། ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། བསམ་བློ་དང་བྱ་སྤྱོད་དེ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཐོག་གཅིག་གྱུར་ཡོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞིབ་ཕྲའི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། འགན་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་འཆར་འགོད་ལ་བསམ་གཞིག་གཏིང་ཟབ་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགོ་ཚུགས་ས་དང་དོན་ལ་བབས་སར་ཡང་དག་འཚོལ་ཞིབ་བྱེད་པ་དང་། མཐུན་སྦྱོར་གཞོགས་འདེགས་དང་བློ་ཁ་གཅིག་ལ་ཕྱོགས་པ་བཅས་བྱས་ཏེ་“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་ཀའི་དམིགས་ཚད་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་འགན་འཁྲི་གསལ་པོ་བྱས་ཏེ། རྫོང་ཆུས་ཁག་གི་འགོ་ཁྲིད་ཚན་ཁག་གིས་2025ལོའི་དཔལ་འབྱོར་དམིགས་ཚད་དང་ཞིབ་ཕྲའི་བླང་བྱ་གཙོ་བོ་གཏན་འཁེལ་བྱེད་པ་དང་། གནད་དོན་གྱི་གནད་འགག་ཡང་དག་འཚོལ་བ། གཙོ་རྒོལ་བྱེད་ཕྱོགས་ཁ་གསལ་བཟོ་བ། རྒྱུད་མཐུད་ཀྱིས་འབད་འཐབ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྗེས་ལུས་ཀྱི་དམིགས་ཚད་སྔོན་འགྲོའི་རྗེས་ཟིན་གང་མགྱོགས་བྱེད་པ་དང་། དམིགས་བསལ་གྱི་དམིགས་ཚད་ཀྱི་ཐོན་འབར་རྒྱ་ཆེར་བསྐྱེད་པ། ཐད་མཐོང་གི་དམིགས་ཚད་འཕར་སྣོན་གཏོང་བའི་ཐོག་ནས་ཏན་ཏན་ཏིག་ཏིག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་པ་དང་། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་དོན་འཁྱོལ་དམ་འཛིན་བྱས་ཏེ་ལས་ཀའི་སྤྱོད་ཚུལ་སྔར་བས་བསྒྱུར་བ་དང་འགན་འཁྲིའི་འབྲེལ་ཐག་དམ་དུ་བཏང་ནས་སྒུག་མི་ཐུབ་ལ་དལ་མི་ཐུབ་པའི་ཛ་དྲག་གི་འདུ་ཤེས་ཐོག་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་ཚད་དང་ལས་འགན་གནད་ལ་འཁེལ་བའི་སྒོ་ནས་ལེགས་འགྲུབ་བྱས་ཏེ་ལག་ལེན་གྱི་ཞིབ་བཤེར་ཐེག་ཐུབ་པའི་ཕུལ་དུ་བྱུང་བའི་ལན་ཞིག་འབད་བརྩོན་བྱས་ཏེ་ཆབ་མདོ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་ཉེ་དུས་ཀྱི་རབ་དང་རིམ་པའི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་དེ་བཞིན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་གི་ཡིག་སྐུར་ངོ་གཏུག་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་དང་རང་སྐྱོང་ལྗོངས་ཡིག་སྐུར་ངོ་གཏུག་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱི་2025ལོའི་ཚང་འཛོམས་གྲོས་ཚོགས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་ལས་དོན་གྱི་སྙན་སེང་ལ་གསན་པ་མ་ཟད་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད། ཀྲོང་ཅིན་སུང་གིས་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་བླང་བྱ་ཞིབ་ཕྲ་ཡིན་པ་དེས་ང་ཚོས་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ཁག་ཡག་པོ་སྒྲུབ་པར་གཙོ་གནད་ཁ་གསལ་བ་དང་། བླང་བྱ་བཏོན་པ། བྱ་ཐབས་བསླབ་པ་བཅས་བྱས་ཡོད་ཅེས་བསྟན།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས》ཞེས་པའི་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་གནས་ཚུལ་གྱི་སྙན་སེང་ལ་གསན་པ་རེད།