འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2ཚེས20ཉིན་གྱི་སྔ་དྲོར། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་དཔོན་གྱི་ཚོགས་འདུ་དང་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་སྐོར་གྱི་ཚོགས་འདུ་འཚོགས་ཡོད། ཚོགས་འདུའི་ཐོག་སྲིད་ཁྲིམས་ལས་དོན་དང་ཞིབ་དཔྱོད་ལས་དོན་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་དཔོན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་། 2024ལོའི་ལས་དོན་ལ་ཕྱོགས་བསྡོམས་དང2025ལོའི་ལས་འགན་བཀོད་སྒྲིག་གནང་བ་རེད། གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཞིབ་དཔྱོད་དཔོན་ཅང་ཅན་ཕིང་གསུང་བཤད་གནང་སྐབས། ལོ་གསར་པའི་ནང་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་ཏང་གི་འགོ་ཁྲིད་རྩ་བར་འཛིན་པ། ཞིབ་དཔྱོད་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱེད་པ། ཏང་གིས་སྲིད་ཁྲིམས་ལས་དོན་ལ་དོ་དམ་བྱེད་པའི་ལམ་ལུགས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་རྒྱུ་འགན་ལེན་དུ་བྱེད་པ། གྲོང་ཨུད་ཀྱི“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོབའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཞིབ་དཔྱོད་ལག་ལེན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་བསྟན། ཚོགས་འདུའི་ཐོག་ད་དུང་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི2024ལོའི་ཕུལ་བྱུང་གཞུང་ཞབས་པ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཞིབ་དཔྱོད་དཔོན་སོགས་བློ་མཐུན43ལ་གཟེངས་བསྟོད་གནང་བ་རེད། དེ་རྗེས་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི2024ལོའི་ཞིབ་དཔྱོད་ལས་སྒོར་དབྱེ་ཞིབ་སྤེལ་རེས་སྐོར་གྱི་ཚོགས་འདུ་འཚོགས་པ་རེད།