国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月25日

གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཕྱོགས་བསྡོམས་ཚོགས་ འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2ཚེས21ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཕྱོགས་བསྡོམས་ཚོགས་འདུ་འཚོགས་པ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། དངོས་གྲུབ་ཟླ་བ་ཡིས་འབྲུ་རིགས་བདེ་འཇགས་ཀྱི“དོན་ཆེན”ལ་དམ་འཛིན་ཡག་པོ་བྱས་ཏེ་རྨོ་ཞིང་གི་དམར་ཐིག་སྲུང་བ་དང་རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་མཐོར་གཏོང་གི་བྱ་སྤྱོད་ལག་བསྟར་བྱེད་དགོས། འབྲུ་རིགས་ཀྱི་ཐོན་ཚད་མཐོ་རུ་བཏང་སྟེ་བཟའ་བཅའ་སྣེ་མང་ཅན་གྱི་མཁོ་སྤྲོད་ཐབས་ལམ་རྒྱ་ཆེར་བཏང་ནས་ཤ་ཚལ་སྒོང་གསུམ་ལེགས་པར་སྲུང་དགོས། གྲོང་གསེབ་དར་རྒྱས་ཀྱི“ལས་འགན་གལ་ཆེན”ལ་དམ་འཛིན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། དབུལ་ཕོངས་བསྐྱར་ལོག་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་སྐུལ་ཁྲིད་དང་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། མང་ཚོགས་ཀྱི་འབབ་འཕར་གཏོང་བའི“ལྟེ་བའི་ལས་འགན”ལ་དམ་འཛིན་ཞིབ་ཚགས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཐོན་ལས་འབབ་འཕར་དང་། ལས་ཞུགས་འབབ་འཕར།འཛད་སྤྱོད་འབབ་འཕར། རྣམ་གྲངས་འབབ་འཕར་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཚོང་གཉེར་གྱི་ཡོང་སྒོ་གཙང་མ་རྒྱུན་མཐུད་འཕར་སྣོན་དང་གླ་ཕོགས་རང་བཞིན་གྱི་ཡོང་སྒོ་འཕར་སྣོན། རྒྱུ་ནོར་གྱི་ཡོང་སྒོ་ཁེར་གཙང་རྒྱ་བསྐྱེད། སྤོ་བསྒྱུར་གྱི་ཡོང་སྒོ་བརྟན་ཐོག་ཇེ་ཆེར་གཏོང་དགོས། མཛེས་པའི་གྲོང་ཚོ་འཛུགས་སྐྲུན་བྱེད་པའི“ནང་གནས་དགོས་མཁོ”དམ་འཛིན་བྱས་ཏེ། “སྟོང་ཁྲིའི་འདུ་འགོད”ཉམས་མྱོང་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་དང་། ས་མཐོའི་མཛེས་པའི་གྲོང་ཚོ་འཛུགས་གཏོད་ལ་སྐུལ་འདེད་གཏོང་བ། གཞི་རིམ་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ན་ཁ་གསབ་བྱེད་པ། དུས་རབས་ཀྱི་ཤེས་དཔལ་ལྡན་པའི་དར་སྲོལ་གསར་པ་སྐྱེད་སྲིང་། གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ་ཞིང་འབྲོག་ཁུལ་ལ་གསོན་ཤུགས་ཀྱིས་ཁེངས་ཤིང་གོ་རིམ་ལྡན་པར་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཧྲེ་ཀྲང་གཞོན་པ་ཡཱང་ཝུན་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བློ་བཟང་རྒྱལ་མཚན་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཏེང་ཧྥུ་ཚོགས་འདུ་ཞུགས་ཡོད།