国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月25日

ཀྲོང་ཅིན་སུང་གིས་ཆབ་མདོ་གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག

ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ།

ཟླ2པའི་ཚེས21ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

ཟླ2པའི་ཚེས21ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་པ་རེད། འདི་ནི་ཚོགས་རའི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2པའི་ཚེས21ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཧྲུའུ་ཅི་ཝང་ཅོན་ཀྲེང་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱིས“ཞིང་གསུམ”ལས་དོན་ཐད་ཀྱི་མཛུབ་སྟོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་བྱེད་པ་དང་།

ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། ཞིང་འབྲོག་ལས་སྤུས་ལེགས་ཕན་འབྲས་ཆེ་བ་དང་། ཞིང་འབྲོག་ཁུལ་གནས་འཕྲོད་ལས་འཕྲོད། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་ཡོད།

དངོས་གྲུབ་ཟླ་བས་ཚོགས་འདུ་ཕྱོགས་བསྡོམས་བྱས་པ་དང་། ཝུའུ་དབྱིང་ཧའེ་ཡིས་གཙོ་སྐྱོང་ཞུས་ཡོད། ཅཱ་ཤིན་ཡུས་ཀྱིས2024ལོའི་ལོ་འཁོར་གྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱས་ཚུལ་བརྡ་ཁྱབ་བཏང་བ། ཏིན་ཝུན་ཁྲང་དང་། བློ་བཟང་རྒྱལ་མཚན། ཡང་ཝུན་ཧྲན། ཧུའུ་ཏན་ཧྥུའུ་བཅས་ཞུགས་ཡོད་པ་རེད།

ཀྲོང་ཅིན་སུང་གིས་འདས་པའི་ལོ་གཅིག་རིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཟིགས་སྐྱོང་བཅས་ཀྱི་འོག གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་གྱིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར།“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་ཤུགས་རྒྱག་པ། གསར་འབྱེད་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ། ཧུར་ཐག་འབད་བརྩོན། རང་འགན་འཁུར་ལེན་བཅས་བྱས་པས། ཞིང་འབྲོག་ལས་ཐོན་འབོར་བརྟན་པོའི་ངང་མཐོར་འདེགས་བྱུང་བ་དང་། ཁྱད་ལྡན་ཞིང་འབྲོག་ལས་གོ་རིམ་ལྡན་པའི་འཕེལ་རྒྱས་ཕྱིན་པ། གྲོང་གསེབ་དར་རྒྱས་གཏིང་ཟབ་སྐུལ་འདེད་བཏང་བ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ། མང་ཚོགས་ཀྱི་འཚོ་བ་རྒྱུན་བསྲིང་ངང་ལེགས་སུ་ཕྱིན་པ། གཞི་རིམ་བཅོས་སྐྱོང་ནུས་པ་ཕན་འབྲས་ལྡན་པའི་ཆེ་རུ་སོང་བ། ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ནས་གྲོང་ཁྱེར་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་བསྟན།

ཀྲོང་ཅིན་སུང་གིས་“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འགག་རྩ་ཡིན་པ་ངོས་འཛིན་ཟབ་མོ་བྱས་ཏེ། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཏུ་བཞག་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བསྐྲུན་དགོས།“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་ཐུབ་ཚེ་གཞི་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྔར་བས་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་བདེ་འཇགས་འགན་སྲུང་ཐུབ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ཆ་རྐྱེན་ལེགས་པོ་བསྐྲུན་དགོས། ཆབ་མདོ་ནི་ཞིང་འབྲོག་ལས་ཀྱི་གྲོང་ཁྱེར་ཆེ་ཤོས་ཤིག་ཡིན་ལ། ཞིང་འབྲོག་ཁུལ་གྱི་མི་འབོར་གྱི་ཟིན་ཚད་མཐོ་བས་“ཞིང་གསུམ”ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་རྩའི་འདེགས་སྐྱོར་ཞིག་ཡིན་པ་དང་། ཆབ་མདོའི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་བདེ་སྐྱིད་ལ་འབྲེལ་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་པ་དང་།“ཞིང་གསུམ”ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ།“ཞིང་གསུམ”ལས་དོན་གྱི་ཤེས་རྟོགས་སྨྲ་བ་དང་། བརྟག་ཐབས་སྨྲ་བ། རིན་ཐང་སྨྲ་བ་བཅས་ལ་ཡང་དག་པས་ཁོང་དུ་ཆུད་པ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་གསུང་བཤད་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ཞིང་འབྲོག་ལས་སྤུས་ལེགས་ཕན་འབྲས་ཆེ་བ་དང་། ཞིང་འབྲོག་ཁུལ་གནས་འཕྲོད་ལས་འཕྲོད། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་བྱ་གཞག་གི་སྤྱི་ཡོངས་ལ་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་དུས་རབས་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞི་ཞིག་ཡིན་པས། རིམ་པ་ཁག་དང་ཚན་པ་ཁག་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁག་སྤུས་དག་གོང་འཕེལ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཤིང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མུ་མཐུད་ཆེ་རུ་བཏང་སྟེ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་ལ། སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྐྱེད་སྲིང་ཧུར་ཐག་བྱས་ནས། ཆབ་མདོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་གསར་སྤེལ་དང་། ཆབ་མདོའི་སྤུས་རྟགས་གཏོད་པར་སྐུལ་འདེད་བཏང་ནས། གྲོང་གསེབ་དར་རྒྱས་གཏོང་བའི་བསམ་པའི་སྒུལ་ཤུགས་གཅིག་སྒྲིལ་དང་། གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས་འགན་སྲུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ལས་ཀའི་ལས་འགན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས་པ་དང་། ཏང་ཨུད་དང་ཏང་ཙུའུ་རིམ་པ་ཁག་གི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲི་ཨང་དང་པོ་འཁུར་མཁན་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་ལས་ཀར་དམ་འཛིན་བྱེད་མཁན་ཡོད་པ་དང་གནད་དོན་ལ་དོ་དམ་བྱེད་མཁན་ཡོད་པ། བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས་ཤིང་། གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་གཅིག་གྱུར་མཐུན་སྦྱོར་དང་ལྟ་སྐུལ་སློབ་སྟོན་གྱི་ནུས་པ་འདོན་སྤེལ། ལས་ཀའི་སྤྱོད་ཚུལ་ལེགས་བཅོས་བཅས་བྱེད་པ་དང་། སྤྱོད་ཚུལ་སྔར་བས་ལེགས་བཅོས་དང་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། སེམས་ཤུགས་གཙོ་བོ་འཕེལ་རྒྱས་དོན་གཉེར་དང་འཛུགས་སྐྲུན་དམ་འཛིན། ཞིང་འབྲོག་མང་ཚོགས་ལ་དོན་དངོས་སྒྲུབ་པ་བཅས་ཀྱི་ཐོག་བཞག་སྟེ། ལོ་ཧྲིལ་པོའི་ལས་ཀའི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག 2024ལོར་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་ཕྱོགས་བསྡུས་གདེང་འཇོག“ཡག་པོ”བྱུང་བའི་རྫོང་ཆུས་དག་ལ་གཟེངས་བསྟོད་བྱས་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ལམ་ནས་འཚོགས་ཤིང་ཆབ་མདོ་གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་གཏོགས་ཚན་པ་དང་གྲོང་ཁྱེར་ཐད་གཏོགས་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་ཚོགས་འདུ་ཞུགས་ཡོད།