འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་གྱང་སྔོན་གྲོང་ཚོས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བརྗོད་དོན་གཙོ་བོར་བྱས་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་རྩལ་ནུས་འགྲན་སྡུར་ཐེངས་གཅིག་རྒྱལ་ཁའི་ངང་སྤེལ་ཡོད། ཐེངས་འདིའི་བྱེད་སྒོ་ནི་གྱང་སྔོན་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་གིས་བཀོད་སྒྲིག་དང་འཆར་འགོད་ཞིབ་ཚགས་བྱས་པ་ཞིག་རེད།
བྱེད་སྒོའི་ཐོག་མང་ཚོགས400ལྷག་གིས་འགྲན་སྡུར་ལ་བལྟས་ཡོད་ལ་བདམས་ཐོན་པ21འགྲན་སྡུར་ནང་ཞུགས་ཡོད། ཐེངས་འདིའི་འགྲན་སྡུར་རྣམ་གྲངས་ཁོངས་སུ་ཇ་བསྲུབས་མ་བཟོ་བ་དང་། ཐང་ག་འབྲི་བ། སྐུད་པ་འཁེལ་བ་སོགས་བོད་རང་སའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རྩལ་ནུས་འདུས་ཡོད།
ཐེངས་འདིའི་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་སྲོལ་རྒྱུན་ཐོན་སྐྱེད་འཚོ་བའི་རྩལ་ནུས་འགྲན་སྡུར་དེ་གྱང་སྔོན་གྲོང་ཚོ་ནས་རྒྱལ་ཁའི་ངང་མཇུག་འགྲིལ་ཡོད། འདི་ནི་སྲོལ་རྒྱུན་རྩལ་ནུས་ཀྱི་ལྷན་འཛོམས་ཐེངས་ཤིག་ཡིན་པ་མ་ཟད། གྲོང་གསེབ་རིག་གནས་དར་རྒྱས་གཏོང་བའི་ལག་ལེན་ཞིག་དེ་བས་ཀྱང་ཡིན། མ་འོངས་པར་གྱང་སྔོན་གྲོང་ཚོས་རིག་གནས་ཁྲིད་སྟོན་དུ་བཟུང་ནས་གྲོང་ཚོའི་བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་དེ་བས་མཛེས་སྡུག་ལྡན་པའི་ལེའུ་རྩོམ་ཐུབ་པའི་ཡིད་ཆེས་ཡོད།