国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月14日

དཔའ་ཤོད་ཀྱིས།

“དང་པོའི་བཅོ་ལྔའི་དུས་ལ་ཐང་ཡོན་བསྐྱལ། བློ་སེམས་གཅིག་སྒྲིལ་མཐུན་པའི་ཨ་ལོང་སྦྲེལ”ཞེས་པའི་བྱེད་སྒོ་སྤེལ་བ།

དང་བླངས་པས་ཕྲུ་གུ་ཚོར་ཐང་ཡོན་སྤྲད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་12ཉིན་ནི་ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཡིན་པ་དང་། ཤིང་སྦྲུལ་ལོའི་དང་པོའི་བཅོ་ལྔའི་དུས་ཆེན་བསུས་ཡོད། དཔའ་ཤོད་རྫོང་གིས་“དང་པོའི་བཅོ་ལྔའི་དུས་ལ་ཐང་ཡོན་བསྐྱལ། བློ་སེམས་གཅིག་སྒྲིལ་མཐུན་པའི་ཨ་ལོང་སྦྲེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཐོག་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཡོད།

སྲང་ལམ་དུ་དང་བླངས་པ་ཚོས་ལུས་ལ་གྱོན་གོས་དམར་པོ་གོན་པ་དང་ལག་ཏུ་ཚ་སོབ་སོབ་ཀྱི་ཐང་ཡོན་བཟུང་ནས་ཁོར་ཡུག་སྲུང་སྐྱོབ་ལས་བཟོ་པ་དང་། ལས་རེས་ཉེན་རྟོག་པ། སྨན་དོན་མི་སྣ། སྒེར་གཉེར་ཚོང་དུད་བཅས་ལ་སྤྲད་དེ་ཁོ་ཚོའི་ལས་གནས་བརྟན་སྲུང་དང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཐུན་མོང་གིས་ཐང་ཡོན་གྱི་བྲོ་བ་མྱངས་ཏེ་དུས་ཆེན་དགའ་གཏོང་བྱས་ཡོད།

རྒན་གསོ་ཁང་དུ་དང་བླངས་པས་སེམས་ཞིབ་མོས་རྒན་རྒོན་ཚོ་དང་གླེང་མོལ་བྱས་ཏེ་ཁོ་ཚོའི་གཟུགས་གཞི་བདེ་ཐང་དང་འཚོ་བའི་གནས་ཚུལ་འདྲི་རྟོགས་ཞུས་པ་མ་ཟད་དྲོ་སྐྱིད་དང་སྤྲོ་སྣང་ལྡན་པའི་དང་པོའི་བཅོ་ལྔའི་དུས་ཆེན་ཞིག་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ཡིས་བྲོ་ལྡན་ཐང་ཡོན་600ཡས་མས་བསྐྱལ་བ་རེད། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བ་མ་ཟད་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཟབ་ཏུ་སོང་བ་དང་། དེ་མིན་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་མཐོར་འདེགས་ཕྱིན་ཡོད།