国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月14日

གྲོང་ཁྱེར་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ལས་དོན་ལམ་སྲོལ་གྱི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ལས་ཀའི་ལམ་སྲོལ་གྱི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ལས་དོན་བསྒྲུབས་ཚུལ་དང་། ཀྲུང་དབྱང་གི་ནོར་སྲིད་ནས་བཏང་བའི་ཁ་གསབ་རོགས་དངུལ་ཁག་དང་པོ་བེད་སྤྱོད་བྱས་ཚུལ། ཀྲུང་དབྱང་གི་ནོར་སྲིད་ནས་བཏང་བའི་ཁ་གསབ་རོགས་དངུལ་ཁག་གཉིས་པ་བེད་སྤྱོད་ཇི་ལྟར་གཏོང་དགོས་པའི་གྲོས་འགོའི་སྙན་ཞུ་བཅས་ལ་གསན་པ་རེད། ལའོ་ཆིན་འུའུ་ཡིས་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱ་རྒྱུ་ནི་དམངས་འཚོའི་ཁྱབ་ཁོངས་ཀྱི་དོན་ཆེན་འགངས་ཆེན་ཞིག་དང་དངོས་དོན་ཞིག་ཡིན་ལ་འཕེལ་རྒྱས་གཏོང་རྒྱུར་མཁོ་བའི་དགོས་པ་དང་གཞི་རིམ་གྱི་རེ་འདུན། དམངས་སེམས་བཅས་ཡིན་པས། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་དང་བསྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། ཀུན་སེམས་གཅིག་སྒྲིལ་གྱི་འདུ་ཤེས་བརྟན་པོར་འཆང་བ། རང་རྟོགས་ངང་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ཕན་འབྲས་སྔོན་ལ་འཇོག་པ་བཅས་བྱས་ཏེ་ཆུ་ཚད་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་དཔེ་སྟོན་རྣམ་གྲངས་ཁག་ལག་བསྟར་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་ཡིས་རྫོང་ཆུས་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་། གྲུབ་འབྲས་སྟོན་ཕྱོགས་མཐའ་འཁྱོངས། འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་པ། འགན་འཁྲི་འཁུར་ཕོད་པ་དང་ལག་བསྟར་བྱེད་ཐུབ་པའི་ཆོད་སེམས་ཐོག་ནས་རིག་པ་དྭངས་གསལ་དང་སེམས་ནང་གཞི་གྲངས་ཡོད་པའི་སེམས་ཤུགས་བརྟན་པོའི་ཐོག་ནས་རྩ་འཛུགས་ཅན་དང་བརྒྱུད་རིམ་ལྡན་པ། གསལ་ཐོ་ཅན་བཅས་ཀྱི་རྣམ་གྲངས་དོ་དམ་ལག་བསྟར་བྱེད་དགོས་ལ། འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཆེད་དོན་འགན་འཁུར་མ་དངུལ་བགོ་བཤའ་དོ་དམ་དང་གསལ་ཐོ་ཅན་གྱི་དཔྱད་དཔོག་སྦྲེལ་མཐུད། མ་དངུལ་གཏོང་ཕྱོགས་ཐད་ཁྱོན་ཡོངས་ནས་ལྟ་སྐུལ་དོ་དམ་བྱེད་དགོས་ཤིང་། ནོར་སྲིད་ནས་བཏང་བའི་རོགས་དངུལ་བེད་སྤྱོད་ཚུལ་ལྡན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།