国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月14日

ཉ་གང་ཟླ་བ་དགུང་གི་དབྱིངས་སུ་འཆར། ཁྱིམ་ཚང་ཀུན་གྱིས་དུས་ཆེན་དགའ་གཏོང་བྱེད།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《2025ལོའི་དང་པོའི་བཅོ་ལྔའི་དུས་ཆེན་གྱི་དགོང་ཚོགས》དེ་ཟླ་2ཚེས་12ཉིན་གྱི་དགོང་མོའི་ཆུ་ཚོད་8པར་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བའི་སྤྱན་ལམ་དུ་ཕུལ་ཡོད།གོ་ལ་ཧྲིལ་པོའི་ཀྲུང་གོ་བ་དང་མཉམ་འཛོམས་མཉམ་སྤྱོད་བྱེད་པའི་དུས་ཚིགས་འདིར་དང་པོའི་བཅོ་ལྔའི་མཚན་མོར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད། སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་གྲགས་ཅན་གཙོ་སྐྱོང་པ་དང་། ལྷ་སའི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་གྱི་གཞུང་ཚབ་ཆེན་མོ་བ་ཀྲུའུ་ཞུན་དང་ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གཙོ་སྐྱོང་པ་སྲི་ཐར་ནོར་བུ་གར་སྟེགས་ཐོག་ཞུགས་ཡོད།

ལྷ་སའི་ཡན་ལག་ཚོགས་རའི་དམངས་སྲོལ་འགྲེམས་སྟོན་ཅོག་ཙེའི་ཐོག་བོད་ཀྱི་གྲོང་ཁྱེར་བདུན་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཏེ་ལྷ་སའི་ཕྱེ་མར་དང་། ནག་ཆུའི་གཏེར་ཆུ། མངའ་རིས་གུ་གེའི་སྡེར་མ། ལྷོ་ཁའི་རྩེད་ཐེར་ཁ་དཀྲིས། གཞིས་ཀ་རྩེའི་ནས་ཀྱི་བག་ལེབ། ཉིང་ཁྲིའི་ཀུ་ཤུ། དེ་བཞིན་ཆབ་མདོའི་ཚགས་ཤ་སྐམ་པོ་བཅས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་དངོས་ཟོག་དེ་དག་ལ་ཡན་ལག་ཚོགས་རའི་གཙོ་སྐྱོང་པ་ཀྲུའུ་ཞུན་དང་སྲི་ཐར་ནོར་བུས་འགྲེལ་བཤད་བརྒྱབ་པ་རེད།