(པར་ངོས་དང་པོར་མཐུད) དར་རྒྱས་ཡར་བརྩོན”བྱེད་སྒོའི་དོན་སྙིང་གལ་ཆེན་ལ་གོ་བ་ཡག་པོ་ལེན་ཐུབ་ན་དོན་འཁྱོལ་དམ་འཛིན་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་མཐོར་འདེགས་གཏོང་ཐུབ།“དམར་མདངས”ཀྱིས་སྣེ་ཁྲིད་བྱེད་པ་དང་།“བྱེད་སྒོ”གཞི་རྟེན་དུ་བཟུང་ནས་གསར་བརྗེའི་གཞི་རྒྱུ་ལས་བྱུང་བའི་ཆབ་སྲིད་ཀྱི་སྤྲོ་སེམས་དེ་དར་རྒྱས་ཡར་བརྩོན་གྱི་སྒུལ་ཤུགས་སྟོབས་ཆེན་དུ་བསྒྱུར་ཏེ། དམིགས་འབེན་བརྟན་པོ་ལྷོད་གཡེང་མི་གཏོང་བ་དང་བློ་རྩེ་གཅིག་སྒྲིལ་གྱིས་དོན་འཁྱོལ་བྱས་ན། ད་གཟོད་འགལ་རྐྱེན་སེལ་ནས་མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་ཐུབ་པ་དང་། རྩ་སྲ་རྨང་བརྟན་གྱིས་ཆབ་མདོ་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བར་འདེགས་སྐྱོར་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱིས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་པར་འདེགས་སྐྱོར་ཐུབ་ཡོད།
“དམར་མདངས”ནི་ཆབ་མདོའི་བཀྲག་མདངས་འཚེར་བའི་བསམ་པའི་རང་མདངས་དེ་ཡིན། 1950ལོར་དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་ཚོས་གངས་རི་དང་རྩྭ་ཐང་བརྒལ་ཏེ་འབྲི་ཆུའི་འགྲམ་ངོགས་སུ་སྐར་ལྔའི་དར་དམར་དང་པོ་སྒྲེང་བ་དང་། བོད་ཀྱི་ཏང་རྩ་འཛུགས་དང་པོ་དང་། དམངས་གཙོ་འདེམས་བསྐོ་དང་པོ། དེང་རབས་ཅན་གྱི་སློབ་གྲྭ་དང་པོ་སོགས་བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་མང་པོ་ཆབ་མདོར་རེ་རེ་བཞིན་འགོ་ཚུགས་ཡོད། དུས་དེ་ནས་བོད་ཤར་གྱི་ས་གཞི་གང་སར་སིམ་པའི“གསར་བརྗེའི་གཞི་རྒྱུ”དེས་མི་རབས་ནས་མི་རབས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་གསར་བརྗེའི་སྔོན་རབས་པའི་ཞབས་རྗེས་དང་བསྟུན་ནས་དཀའ་སྤྱད་འབད་བརྩོན་ཡོང་བར་སྐུལ་སློང་བྱེད་ཀྱིན་ཡོད། དུས་རབས་གསར་པའི་ལས་འགན་གསར་པའི་མདུན་དུ་ཆབ་མདོ་ཡིས་“དམར་པོ”སྣེ་ཁྲིད་བཟུང་ནས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་དང་། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན། གསར་བརྗེའི་ཁྲག་རྒྱུན་བསྐྱངས་ཏེ་གསར་བརྗེའི་སྙིང་སྟོབས་ཁྲོད་ནས་འབད་འཐབ་མདུན་སྐྱོད་ཀྱི་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། མི་ཚང་མ་མིག་ལྟོས་ཡར་འགྲན་དང་། དཔའ་བོར་གོང་བཀུར། གདོང་མཆོང་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་ཏེ་མེས་པོ་རྣམས་ཀྱི་ཕུགས་འདུན་དང་གཟི་བརྗིད་མུ་མཐུད་དུ་འབྲི་དགོས།
“བྱེད་སྒོ”ནི་ཆབ་མདོའི་ཡར་བརྩོན་སྟོབས་ཤུགས་གཅིག་ཏུ་འགྲིལ་བའི་གཞི་རྟེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་མདོའི“འགྱུར་བ་གསུམ”གྱི་སྤྱིའི་ངེས་གནས་དང་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། ཏང་གིས་མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་དྲིལ་བསྒྲགས། མང་ཚོགས་སློབ་གསོ། མང་ཚོགས་ཞབས་ཞུ་བཅས་ཀྱི་དམིགས་བསལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲོང་ཚོ་དང་། ཁེ་ལས། གྲྭ་ཤག་བཅས་སུ་བསྐྱོད་དེ་གོ་བདེ་ཞིང་ཉན་སྤྲོ་བའི་ལམ་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དྲིལ་བསྒྲགས་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག གཏམ་རྒྱུད་གྱེར་ཀློག གླུ་གར། པར་རྒྱག་དང་བརྙན་ཐུང་། སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས། དེང་རབས་ཐོན་སྐྱེད་རྩལ་ནུས་སོགས་མང་ཚོགས་རང་བཞིན་གྱི་འགྲན་སྡུར་སྤེལ་ནས་མང་ཚོགས་ལ་ཡང་དག་པའི་བསམ་པའི་བློ་སྒོ་ཕྱེ་བ་དང་། མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་གཞི་རིམ་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་དེ་འཐབ་འཛིང་གི་བཙན་རྫོང་ཞིག་ཏུ་དངོས་སུ་འགྱུར་ཐུབ་པ་བྱས་ནས་ཆབ་མདོའི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
ང་ཚོས་འགྱུར་མེད་ཀྱི་རྣམ་འགྱུར་དང་། འགྱུར་མེད་ཀྱི་གོམ་སྟབས། འགྱུར་མེད་ཀྱི་འདོད་བློ་བཅས་ཀྱི་ཐོག་ནས་རང་འགུལ་ངང་འཁུར་དགོས་པའི་འགན་འཁྲི་འཁུར་དགོས་པ་དང་། བསྒྲུབ་དགོས་པའི་འགན་འཁྲི་བསྒྲུབས་པ། འབུལ་དགོས་པའི་ལེགས་སྐྱེས་འབུལ་ཐུབ་པ་བཅས་བྱེད་པ་དང་།“དར་རྒྱས་ཡར་བརྩོན”ཐོག་ནས་དུས་རབས་གསར་པའི་ནང་ཆབ་མདོར་ལྡན་དགོས་པའི་ལ་རྒྱ་དང་། གྲུབ་འབྲས། གཟི་བརྗིད་བཅས་འབད་བརྩོན་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།