国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月07日

བྲག་གཡབ་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་དེང་རབས་ཐོན་སྐྱེད་རྩལ་ནུས་ཀྱི་འགྲན་སྡུར་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ2པའི་ཚེས3ཉིན་གྱི་སྔ་དྲོར། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་གཏིང་ཟབ་ངང་སྐུལ་འདེད་གཏོང་ཆེད། བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་གྱིས་རྫོང་ཆུ་བེད་ཅུས་དང་། རྫོང་མི་སྤྱི་ཅུས་མཉམ་འབྲེལ་ཐོག་བྱམས་མདུན་གྲོང་རྡལ་དུ་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་ས་བརྐོ་འཕྲུལ་ཆས་དང་ས་བླུག་འཕྲུལ་ཆས་རྩལ་ནུས་འགྲན་སྡུར་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་ཡིས“དམར་མདངས”ཀྱིས་སྣེ་ཁྲིད་པ་དང་“བྱེད་སྒོ”གཞི་རྟེན་དུ་བཟུང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སྣང་དང་ཡར་བརྩོན་སྙིང་སྟོབས་རབ་ཏུ་འཕེལ་ཏེ། བྲག་གཡབ་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་འཕེལ་རྒྱས་ལ་རམ་འདེགས་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།