国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月07日

མཛོ་སྒང་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་མེ་ཟོན་ཆེད་དོན་བྱ་སྤྱོད་སྤེལ་བ།

མེ་ཟོན་མི་སྣས་མང་ཚོགས་ལ་ནགས་ཚལ་མེ་ཟོན་སྐོར་གྱི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། མཛོ་སྒང་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་དཔྱིད་གསར་དུས་ཆེན་གྱི་མེ་ཟོན་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་བ་རེད། དེའི་དམིགས་ཡུལ་ནི་དཔྱིད་གསར་དུས་ཆེན་རིང་ནགས་ཚལ་མེ་གསོད་དང་སྔོན་འགོག་ལས་དོན་ཏན་ཏིག་ལེགས་པར་བསྒྲུབས་ནས་བཅའ་སྡོད་བྱ་ཡུལ་མང་ཚོགས་དང་དེ་བཞིན་འགྲོ་སྐྱོད་བྱེད་མཁན་ཡུལ་སྐོར་བའི་ནགས་ཚལ་མེ་གསོད་འདུ་ཤེས་ཆེ་རུ་གཏོང་བ་དང་། ནགས་ཚལ་བདེ་འཇགས་ཀྱི“མེ་འགོག་གྱང”བརྟན་དུ་བཏང་ནས་བཅའ་སྡོད་བྱ་ཡུལ་མི་དམངས་མང་ཚོགས་སྤྲོ་སྣང་ཞི་བདེ་དང་བདེ་ཐང་བདེ་འཇགས་ཀྱི་དཔྱིད་གསར་དུས་ཆེན་ཞིག་རོལ་ཐུབ་པར་འགན་ལེན་བྱ་ཆེད་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དཔྱིད་གསར་དུས་ཆེན་མེ་ཟོན་ཆེད་དོན་བྱ་སྤྱོད་ནང་ཁྱོན་དྲིལ་བསྒྲགས་བརྡ་ཁྱབ་དང་ལག་དེབ་300ལྷག་དང་། དྲིལ་བསྒྲགས་ལག་རྟགས་80མང་ཚོགས་ཀྱི་ཉམས་ལེན་སྒྲིག་ཆས་ཐེངས་60ལྷག་ཙམ་སྤྲད་པས་མང་ཚོགས་300ལྷག་ལ་སློབ་གསོ་ཐེབས་ཡོད།