国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月07日

ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་རིག་གནས་རོལ་རྩེད་བྱེད་སྒོ་སྣ་མང་སྤེལ་བ།

རུ་མི་ཚོས་ཐག་འཐེན་འགྲན་སྡུར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་རིང་། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་ལས་འགན་ལེགས་པར་བསྒྲུབས་པའི་ཞོར་དུ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་རོལ་རྩེད་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་པ་རེད། བྱེད་སྒོ་དེ་དག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་འཐབ་པའི་དུས་ཆེན་གྱི་འཚོ་བ་སྙོམས་སྒྲིག་བྱས་པ་མ་ཟད། མཐུན་སྒྲིལ་དང་། དྲོད་འཁོལ། འཆམ་མཐུན། སྤྲོ་སྣང་བཅས་ཀྱི་ཐུན་མོང་གི་རྣམ་པ་དེ་བས་བསྐྲུན་ནས་བཀོད་འཐབ་པ་ཡོངས་ཀྱིས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོའི་ཁྲོད་དཔྱིད་གསར་དུས་ཆེན་ལ་དགའ་སྤྲོའི་ངང་ནས་རོལ་ཐུབ་པ་བྱུང་ཡོད།

ལོ་གསར་གྱི་དགོང་མོར་ཡན་ལག་རུ་ཁག་ལས་ཁུངས་དང་གཞི་རིམ་སྡེ་ཚན་ཁག་གཉིས་ཀྱིས་དུས་མཉམ་དུ“ལྷན་འཛོམས་ཀྱི་ཟ་མ་ཟ་བའི”བྱེད་སྒོ་སྤེལ་བ་རེད། བཀོད་འཐབ་དམག་མི་དང་། སྲིད་གཞུང་གི་ཆེད་ལས་རུ་མི་དང་། མེ་གསོད་ཡིག་མི། བྱ་གཞག་སྒྲིག་ཁོངས་མི་སྣ་དེ་བཞིན་ནང་མི་བཅས་ཚང་མ་མཉམ་དུ་འཛོམས་ནས“ལོ་གསར་གྱི་བྲོ་བའི”གསོལ་སྟོན་ཁྲོད་ཕན་ཚུན་ལ་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད།

ཚན་པ་ཁག་གིས“མཛའ་གྲོགས་མཉམ་འགུལ་དང་། ལོ་གསར་སྨོན་འདུན་ཞུ་བའི”བྱེད་སྒོ་སྒྲིག་འཛུགས་བྱས་ནས་བཀོད་འཐབ་པ་དེའི་ནང་ཧུར་ཐག་ཞུགས་ནས“ལོ་གསར་གྱི་རྟེན་འབྲེལ”དངོས་སུ་བྲིས་ཡོད། ཡན་ལག་རུ་ཁག་ལས་ཁུངས་དང་གཞི་རིམ་སྡེ་ཚན་གྱིས“རྐུབ་སྟེགས་འཕྲོག་པ”“གབ་ཚིག་འཚོལ་བ།”“སྐོར་བྲོ་འཁྲབ་པ”སོགས་ཀྱི་རིག་རྩལ་བྱེད་སྒོ་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཆབ་མདོའི་ཡན་ལག་རུ་ཁག་གིས་དུས་ཆེན་གྱི་རྣམ་པ་ཟབ་མོ་བསྐྲུན་ནས་བཀོད་འཐབ་པའི་དུས་ཆེན་གྱི་འཚོ་བ་སྙོམས་སྒྲིག་དང་ཕུན་སུམ་ཚོགས་སུ་བཏང་ཡོད། བྱེད་སྒོ་དེས་བཀོད་འཐབ་པར་ངར་ཤུགས་ལ་སྐུལ་སློང་དང་འཐབ་འཛིང་ལ་སྙིང་སྟོབས་བསྩལ་བ་མ་ཟད། དཔུང་ཁག་གི་ལྟེ་ཕྱོགས་ཤུགས་དང་འཐབ་འཛིང་གི་ནུས་པ་དེ་བས་ཆེ་རུ་ཕྱིན་ནས་དུས་ཆེན་རིང་གི་ལས་འགན་ཁག་ཕུན་སུམ་ཚོགས་པར་ལེགས་གྲུབ་དང་དཔུང་ཁག་ཚད་མཐོའི་བརྟན་ལྷིང་དང་གཅིག་སྡུད་གཅིག་གྱུར་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།