国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年02月07日

རང་རེའི་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱད་དེ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ཏན་ཏིག་དང་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་“དམར་མདངས”ཀྱིས་སྣེ་ཁྲིད་པ་དང་“བྱེད་སྒོ”གཞི་རྟེན་དུ་བཟུང་ནས་བྱེད་སྒོའི་དམིགས་ཡུལ་དང་། ལས་འགན། བླང་བྱ་བཅས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་པ་དང་། རབ་དང་རིམ་པའི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ཏན་ཏིག་དང་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་ཡོད།

སྨར་ཁམས་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་སྟེགས་བུ་སྤྱད་དེ་ཧུར་ཐག་གིས་ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བར་སྐུལ་སྤེལ་བཏང་ཡོད། དེའི་རིང་ལ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དྲིལ་བསྒྲགས་འགྲན་སྡུར་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་སྡུར། གཏམ་རྒྱུད་གྱེར་ཀློག་འགྲན་སྡུར། གླུ་གར་འགྲན་སྡུར་བཅས་བྱས་ཡོད།

རིགས་པའི་གཞུང་ལུགས་དང་སྲིད་ཇུས་དྲིལ་བསྒྲགས་འགྲན་སྡུར་སྤེལ་བ། མིག་སྔའི་བར་སྨར་ཁམས་རྫོང་གིས་གྲོང་ཚོ(སྡེ་ཁུལ)དུ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དྲིལ་བསྒྲགས་འགྲན་སྡུར་ཐེངས31སྤེལ་བ་དང་འགྲན་ཞུགས་པ་མི400ལས་བརྒལ་ཡོད།

རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་སྡུར་སྤེལ་བ། གྲོང་ཚོ(སྡེ་ཁུལ)ཁག་ནས་ཡོང་བའི་འགྲན་ཞུགས་པ350ཡིས་འགྲན་ཞུགས་བླང་བྱ་ལྟར་ཡིག་གཟུགས་གྲལ་དག་པོས་བྲིས་ཏེ་རྒྱ་ཡིག་གི་སྒྱུ་རྩལ་མཛེས་པ་ཉམས་སུ་མྱོང་བ་དང་། མཐར་བདམས་ཐོན་པ78ཐོག་མའི་འགྲན་སྡུར་ནང་ཚུད་ཡོད།

གཏམ་རྒྱུད་གྱེར་ཀློག་འགྲན་སྡུར་སྤེལ་བ། སྨར་ཁམས་རྫོང་གིས་གྲོང་ཚོ(སྡེ་ཁུལ)དང་། སློབ་གྲྭ། དགོན་སྡེ་བཅས་སུ་གཏམ་རྒྱུད་གྱེར་ཀློག་འགྲན་སྡུར་སྤེལ་བ་དང་། མིག་སྔའི་བར་འགྲན་སྡུར་ཐེངས12ཟིན་ཡོད།

གླུ་གར་འགྲན་སྡུར་སྤེལ་བ། སྨར་ཁམས་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་གླུ་གར་འགྲན་སྡུར་(གྲབས་འགྲན)གྱི་མི་སྒེར་དང་ཚོགས་པའི་འགྲན་སྡུར་ནང་ཞུགས་པའི་ཐོ་འགོད་མི450ཟིན་པ་དང་། འགྲན་སྡུར་ཐེངས8སྤེལ་ཏེ་མང་ཚོགས་1500ཡས་མས་ཀྱིས་ལྟད་མོར་གཟིགས་ཡོད།

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཁོ་ཚོས་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་རྒྱུན་འཛིན་བྱེད་པའི་འདུ་ཤེས་ཆེ་རུ་གཏོང་ཆེད། ལྷོ་རོང་དང་མཛོ་སྒང་རྫོང་གཉིས་ཀྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་བསྡུར་གཉེར་བ་དང་འགྲན་བསྡུར་རྣམ་གྲངས་ནང་ཐང་ཁ་རི་མོ་དང་། སིལ་སྣུམ་བཟོ་སྐྲུན། ལག་བརྡར་རྩམ་པ་བཅས་ཚུད་ཡོད། འགྲན་བསྡུར་བྱ་ཡུལ་གྱི་རྣམ་པ་ཡིད་དུ་འོང་ཞིང་བདམས་ཐོན་པ་ཚོའི་སྙིང་སྟོབས་ཀྱིས་ཁེངས་པ་དང་གྲ་སྒྲིག་གང་ལེགས་བྱས་ཡོད།

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་སྲོལ་རྒྱུན་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་བསྡུར་གྱིས་མང་ཚོགས་ལ་རང་ཉིད་འགྲེམས་སྟོན་དང་སྲོལ་རྒྱུན་ལག་རྩལ་སྤེལ་རེས་བྱེད་པའི་སྟེགས་བུ་འདོན་སྤྲོད་བྱས་ཏེ། མང་ཚོགས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་གཏོགས་སེམས་ དང་། མོས་སེམས། སྤོབས་སེམས་བཅས་ཆེ་རུ་ཕྱིན་པ་དང་། ཞིང་འབྲོག་མང་ཚོགས་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཞི་མཐུན་དང་། མཐུན་སྒྲིལ། འབད་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད།