ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་། ལའོ་ཆིན་འུའུ།
འཐུས་མི་རྣམ་པ།
ད་ལྟ། ངས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས། ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་དང་ཟུར་ཞུགས་བློ་མཐུན་རྣམ་པས་དགོངས་འཆར་གནང་རོགས་ཞུ།
2024ལོའི་ལས་དོན་ཕྱིར་དྲན།
2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུད་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་བཅུ་གཉིས་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། “དོན་ཆེན་བཞི”ལ་དམ་པོར་དམིགས་ཤིང་། “འཛུགས་གཏོད་བཞི”ལ་སེམས་ཤུགས་གཅིག་ཏུ་སྒྲིལ་པ་མ་ཟད། གྲོང་ཨུད་ཀྱི་“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་དང་ཟུང་འབྲེལ་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་དུ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། བརྟན་ཐོག་ཡར་འཕེལ་དང་གོང་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་མཐའ་འཁྱོངས་བཅས་བྱས་པས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་པ་དང་གྲངས་ཚད་ལུགས་མཐུན་ངང་འཕར་ཡོད།
སྔོན་རྩིས་ལྟར་ན། ས་ཁུལ་གྱི་ཐོན་སྐྱེད་སྤྱི་ཐང་སྒོར་དུང་ཕྱུར365ཟིན་ནས7.5%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་254བཏང་ནས18%འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་30%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར97ཟིན་ནས8%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར30.15ཟིན་ནས19.77%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར48800དང་སྒོར19915ཟིན་ནས། སོ་སོར 8%དང11%འཕར་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད3%ནང་ཚུན་དུ་ཚོད་འཛིན་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད5%ནང་ཚུན་དུ་ཚོད་འཛིན་བྱས་ཡོད། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ལོ་འདིའི་ནང་། ང་ཚོས་མི་རིགས་མཐུན་སྒྲིལ་ཡོང་རྒྱུ་དེ་རྨང་རྡོ་བརྟན་པོ་ཞིག་ཏུ་བྱས་ནས་སེམས་ནུས་གཅིག་སྒྲིལ་བྱས་པས། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་གཙོ་རྐང་དུ་འཛིན་པར་མཐའ་འཁྱོངས་བྱས་ཏེ། “ལས་གཞི་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”དངོས་ཡོད་དང་ནུས་ལྡན་ངང་དོན་འཁྱོལ་བྱས་ཤིང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ65འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཡོད། རྒྱལ་ཁབ་རིམ་པ10དང་རང་སྐྱོང་ལྗོངས་རིམ་པ67གྲོང་ཁྱེར་རིམ་པ1662ཡི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྫོང་(ཆུས)དང་ཚན་པ་འཛུགས་གཏོད་བྱས་ཤིང་། གྲོང་ཁྱེར་རིམ་པའི“སེ་འབྲུ”ཞེས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་སྒར་རེས་རྣམ་པ་ཡར་ཐོན་དཔེ་སྟོན་སྡེ་ཁུལ17ལ་སྒོ་བྱང་སྤྲད་པ། དགོན་སྡེ383ལ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི”སློབ་གསོའི་རྟེན་གཞི་བཏོད་པ། རི་ཆུ་ཀླུང་གསུམ་ནས་ཁ་བྲལ་མྱོང་མེད་པའི་ལས་རིགས་ཁག་གི་འཐུས་མི་དང་ཞིང་འབྲོག་མང་ཚོགས་10741ཐེངས213ལ་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱི་ནང་གི་ས་འབྲེལ་གྲོང་ཁྱེར་དུ་“འབྲེལ་གསུམ་”གྱི་བྱེད་སྒོ་སྤེལ་བར་ཕྱིན་པ། “ལས་ཁུངས་ཀྱི་ཉེན་རྟོག་པ70%གཞི་རིམ་དུ་སྐྱོད་པའི”གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་དོན་སྒྲུབ་སྟངས་རྒྱུན་འཁྱོངས་བྱས་ཏེ། ནག་སེལ་གཤེད་བཅོམ་དང་མདའ་རྫས་སྡུད་བཅོས། བདེ་སྲུང་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ཆེད་དོན་བྱ་སྤྱོད་ཟབ་སྤེལ་བྱས་པས། མི་བསད་གྱོད་གཞིའི་ཐོན་ཚད55.6%མར་ཆག་ནས། བསྟུད་མར་ལོ7ལ་ད་ཡོད་ལག་ལེན་བསྟར་བཞིན་པའི་མི་བསད་གྱོད་གཞི་ཚང་མ་རྩད་ཆོད་ཐུབ་པ་བྱུང་ཡོད།“ལས་བྱེད་སྟོང་ཕྲག་གྲོང་ཚོ་སྟོང་ལ་སོང་ནས། འགལ་ཟླའི་ཉེན་ཡོད་རྐྱེན་ངན་རྩད་ཞིབ་ཆེན་པོ་བྱེད”ཞེས་པ་གཏིང་ཟབ་སྤེལ་ནས། ཡིག་བསྐུར་ངོ་གཏུག་གི“རུས་མཁྲེགས་གྱོད་གཞི། ལྕགས་གཟེར་གྱོད་གཞི”7དང་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན16བདེ་བླག་ངང་ཐག་གཅོད་བྱས་ཡོད། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་མུ་མཐུད་སྤེལ་ནས། གྲོང་ཁྱེར་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཆེ་ཙམ་དང་དེ་ཡན་ཐོན་མེད། དམིགས་བསལ་སྒྲིག་ཆས་ཀྱི་ལས་སྒྲུབ་མི་སྣའི་ཡིག་རྒྱུགས་ལྟེ་གནས་དང་རླངས་དམ་ཞིབ་དཔྱད་ལྟེ་གནས་བཙུགས་ནས་སྤྱོད་འགོ་ཚུགས་ཤིང་། ཆབ་མདོ་གྲོང་ཁྱེར་འདི་ཉིད་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཤེས་རིག་ཐོན་དབང་གྲོང་ཁྱེར་སྟོབས་ཆེན་ཐོག་མ་འཛུགས་གཏོད་བྱེད་པའི་གྲོང་ཁྱེར་གྱི་ནང་དུ་འདེམས་ཐོན་བྱུང་ཞིང་། “རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར”ཧུར་ཐག་ངང་འཛུགས་གཏོད་བྱས་ཏེ། བཟའ་བཅའི་དཔེ་འཐེན་བརྟག་དཔྱད་ཀྱི་ཚད་གཞི་ལོན་ཚད་98%ཡན་ཟིན་པ་དང་། བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་མྱུར་བཤེར་ཚད་གཞི་ལོན་ཚད99.8%ཡན་ཟིན་ཡོད། རྒྱལ་ཡོངས་ཀྱི“གཉིས་བཀུར་དཔེ་བཟང་གྲོང་(རྫོང) ཧུར་ཐག་ངང་འཛུགས་གཏོད་བྱས་ཤིང་། ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་ཞུ་བའི་གཙོ་དོན་འགྲེམས་སྟོན་བདེ་བླག་ངང་སྤེལ་ཡོད། 《ཆབ་མདོ་དང་དཀར་མཛེས། ཡུལ་ཤུལ། བདེ་ཆེན་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་མཉམ་འགོག་མཉམ་འདོམས་དང་འཕྲལ་རྐྱེན་མྱུར་སེལ་གྱི་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། “གསར་བརྗེའི་ཆབ་མདོ་”ལ་གཞིར་བཟུང་ཞིང་། “ཡོད་ཚད་ཤར་དུ་ཕྱོགས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྱོང་བྱེད་རྒྱུ”དེ་དམིགས་ཡུལ་དུ་བྱས་ནས། མཐུན་སྒྲིལ་དང་ཡར་བརྩོན་གྱི་ནུས་ཤུགས་ཡོད་ཚད་རྩལ་དུ་སྤྲུགས་ཡོད།
ལོ་འདིའི་ནང་། ང་ཚོས་མ་འཇོག་རྒྱ་ཆེར་གཏོང་རྒྱུ་དེ་སྒུལ་ཤུགས་གལ་ཆེན་དུ་བྱས་ནས་གནད་སྨིན་ཤུགས་འདོན་བྱས་པས། རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་ཚད་གཞི་མཐོ་བའི་སྒོ་ནས《ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་དུ་གཏོད་པའི་རྒྱབ་ལྗོངས་འོག་ས་ཁོངས་ཧྲིལ་པོའི་འཕེལ་རྒྱས་འཐབ་ཇུས་ཀྱི་ཇུས་གཞི》དང《ཁྲོན་བོད་ལྕགས་ལམ་དཔལ་འབྱོར་ཁུལ་གྱི་ཆབ་མདོ་དུམ་བུའི་འཕེལ་རྒྱས་འཆར་འགོད》དེ་བཞིན《ཇ་རྟའི་གཞུང་ལམ་རིག་གནས་ཡུལ་སྐོར་གྱི་སྤྱི་ཡོངས་འཆར་འགོད》བཅས་བཟོས་ཡོད་ལ། གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གྱི་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས། “གཅིག་བྱས་པ་བཞིའི”འགན་ལེན་དང་གཙོ་གནད་རྣམ་གྲངས་མཉམ་ཞིབ་མཆན་འགོད། དེ་བཞིན“ཤར་གཏོང་འགན་སྲུང་བགྲོད་ལམ”སོགས་ཀྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཤིང་། མ་འཇོག་རྣམ་གྲངས་ཀྱི་དོ་དམ་ལས་སྟེགས་ཆ་འཕྲིན་ཅན་དུ་བཀོད་གཏོང་བྱེད་པར་ཁྱབ་གདལ་དུ་བཏང་བས། གྲོང་ཁྱེར་ཡོངས་ཀྱི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས313ལས་འགོ་བསྐྱར་འཛུགས་བྱས་ཤིང་། རྒྱལ་བུན་འཕར་འགྲེམས་རྣམ་གྲངས36གཞི་རྩའི་ཆ་ནས་བསྒྲུབས་ཚར་ཡོད། ཁྲོན་བོད་ལྕགས་ལམ(ཆབ་མདོ་དུམ་བུ)དང་ G318ལམ་ཐིག་སྤུས་འདེགས་སྒྱུར་བཀོད། དེ་བཞིནS521ལམ་ཐིག་གི་རྫ་ཆུའི་རྒྱུད་ཀྱི་གཞུང་ལམ་རོང་སྨད་ནས་ཆུ་ཚན་ཁ་བར་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་འཕེལ་རིམ་བདེ་བླག་བྱུང་ཡོད། G214ལམ་ཐིག་གི་ལྕགས་ཁ་ནས་སྤང་མདའ་གནམ་ཐང་བར་གྱི་གཞུང་ལམ་རྣམ་གྲངས་དེ་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ལ་ཞིབ་དཔྱད་བྱེད་པར་ཕུལ་ཟིན། S204ལམ་ཐིག་གི་ལྷོ་རོང་ནས་སྤོ་བོ་བར་གྱི་གཞུང་ལམ་དེ་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཅུག་པ་དང་། “བོད་ལྗོངས་ཀྱི་ཕུག་ལམ་རྐྱང་མའི་ཕྱོགས་གཉིས་གཞུང་ལམ་རིང་ཤོས་”ཇོ་པ་ལའི་ཕུག་ལམ་དང“བོད་སྐྱོད་ཉེན་ཡོད་དང་པོ”ཤར་གངས་ལ་ཕུག་ལམ། G318“ཕུག་ལམ་རིང་ཤོས” སྒྲིག་བཅོས་བསྐྱར་བཟོས་བྱས་ནས་རྭ་འོག་ཕུག་ལམ་འདི་དངོས་སུ་ཤར་གཏོང་ཐུབ་ཡོད། ཆབ་མདོ་ནས་པེ་ཅིང་བར་གྱི་མཁའ་ལམ་ཤར་གཏོང་བྱས་ཤིང་། ཁ་རུབ་དང་སྨར་ཁམས། དཔའ་ཤོད་བཅས་ཀྱི་སྤྱི་སྤྱོད་གནམ་ཐང་གི་ས་གནས་ལ་རིགས་པས་ཁུངས་སྐྱེལ་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར58བཏང་བའི་རྫོང་ཐང་ཁའི་ཆུ་བེད་འགག་རྩའི་འཛུགས་སྐྲུན་དེ་རིམ་ལྡན་ངང་སྐུལ་སྤེལ་བྱས་ཤིང་། ལུང་རིང་མཚོ་ཆུ་མཛོད་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱས་པ་མ་ཟད། ངོམ་ཆུ་དང་དབུས་ཆུ་སོགས་གཙོ་གནད་ཆུ་བོའི་དུམ་བུ་དང་དེ་བཞིན་ཆུ་བོ་འབྲིང་ཆུང་གི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་དུས་བཀག་ལྟར་ལེགས་གྲུབ་བྱུང་ཡོད། ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས30ལག་ལེན་བསྟར་ནས་མ་དངུལ་སྒོར་དུང་ཕྱུར155.56བཏང་ཡོད། ལྷོ་རོང་དང་དཔལ་འབར། དཔའ་ཤོད་སོགས་སྟོང་ཧྥུའུ110ཡི་གློག་སྒྱུར་ས་ཚིགས་ཀྱི་རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་གློག་དྲ་གཙོ་བོའི་མི་འབོར་ཁྱབ་ཚད98.5%ཟིན་ཡོད། འཕྲིན་གཏོང་སྦྲེལ་ཚུགས952གསར་སྐྲུན་བྱས་པ་དང་སྐྲུན་བཞིན་པའི་སྦྲེལ་ཚུགས215ཡོད་ལ། ཤང་(གྲོང་རྡལ)དང་སྲིད་འཛིན་གྲོང་ཚོ་ཚང་མར་འཕྲིན་གཏོང་བརྡ་རྟགས་ཁྱབ་པར་བྱས་ཡོད། གོ་འཇོ་རྫོང་དུ་གཅིག་སྡུད་དྲོད་རླངས་མཁོ་འདོན་སྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཤིང་། མཛོ་སྒང་དང་རི་བོ་ཆེ་རྫོང་གྲོང་དུ་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭ་བསྐྲུན་པར་གོ་རིམ་བཞིན་སྐུལ་སྤེལ་བྱས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་འགོ་ཚུགས་ཡོད།
ལོ་འདིའི་ནང་། ང་ཚོས་ཐོན་ལས་རྒྱ་སྐྱེད་གཏོང་རྒྱུ་དེ་འགག་རྩའི་འདེགས་སྐྱོར་དུ་བྱས་ནས་བཀོད་པ་ལེགས་སུ་བཏང་བས། ཐོན་ལས་མ་ལག་མགྱོགས་མྱུར་ངང་བཙུགས་ཡོད། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། རིམ་པ་འདིའི་མ་དངུལ་སྒོར་ཁྲི6000ཙམ་བཏང་ནས་འབྲོག་ལས་དང་འབྲུ་སྣུམ། སྔོ་ཚལ། རྒུན་འབྲུམ། དེ་བཞིན་གྲགས་ཅན་དང་དམིགས་བསལ་སྤུས་ལེགས་བཅས་ཀྱི་ཞིང་ལས་ཐོན་རྫས་ཆེ་གྲས་ལྔ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་པ་མ་ཟད། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི9.19བསྐྲུན་པ་དང་། འབྲུ་རིགས་སྐྱེ་དངོས་མུའུ་ཁྲི77.23འདེབས་འཛུགས་བྱས་པ། ས་རྒོད་མུའུ་ཁྲི1.07བསྐྱར་འདེབས་བྱས་པ། བེད་མེད་དུ་ལུས་པའི་དྲོད་ཁང་ཆེན་མོ1084སླར་གསོ་དང་བེད་སྤྱོད་བྱས་ཡོད་ལ། འབྲུ་རིགས་དང་སྔོ་ཚལ། ཤ་དང་འོ་མ་བཅས་ཀྱི་ཐོན་ཚད་སོ་སོ་ཏུན་ཁྲི23དང་ཏུན་ཁྲི13 ཏུན་ཁྲི22.5བཅས་ཟིན་ཡོད། འཇོ་མདའི་འབྲི་གཡག་ལ་རྒྱལ་ཁབ་ཀྱི་རྒྱུད་སྤེལ་ཐོན་ཁུངས་ཀྱིས་ཡུལ་དངོས་སུ་ཞིབ་དཔྱད་བྱས་ཤིང་། ཨ་དབང་ལུག་གི“མ་མོ་གཅིག་ལ་ལུ་གུ་གཉིས་”ཀྱི་ལག་རྩལ་ཁྱབ་གདལ་གང་ལེགས་བཏང་པ་དང་། བོད་ལྗོངས་ཀྱི“ཁམས་ཆང་”མུ་འབྲེལ་ནས་ཆང་ཚོད་ལྟ་བྱས་ནས་ཐོན་ཡོད། གྲོང་ཁྱེར་བོད་སྨན་རྩིས་ཁང་ལ་ཀ་རིམ་པ་གསུམ་པའི་མི་རིགས་སྨན་ཁང་དུ་བསྐྱར་ཞིབ་བྱས་ཤིང་། ཤང(གྲོང་རྡལ)120ཡི་བོད་ལུགས་གསོ་རིག་ཁང་གིས་བོད་ལུགས་སྨན་ལུམས་ཞབས་ཞུ་རྣམ་གྲངས་བདེ་བླག་ངང་ཁྱབ་གདལ་བཏང་ཡོད་ལ། ཆབ་མདོ་གྲོང་ཁྱེར་འདི་ཉིད་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་སྤེལ་ཚོད་ལྟ་བྱེད་ཁུལ་གྱི་མིང་ཐོའི་ནང་བདམས་ཡོད། གྲོང་ཁྱེར་ཡོངས་སུ་སྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི1600བརྒལ་ཞིང་ལྗོངས་ཡོངས་ཀྱི་ཕྱེད་ཀ་ཡན་བཟུང་ཡོད། གཡེར་པ་ཐང་དང་འབའ་ཐང་། བྲག་ལམ་སོགས་ཆུ་ཤུགས་གློག་ཁང་6དང་འབྲི་ཆུ་སྟོད་བརྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་གློག་འདོན་ཚད་སྟོང་ཝ་ཁྲི400ཟིན་པའི་འོད་ཤུགས་རྣམ་གྲངས་ལ་སྐུལ་འདེད་མགྱོགས་སུ་བཏང་པ་དང་། “གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས”ཀྱི་ཏཱ་ཐང་དཔའ་ཤོད་རྫོང་གི་སྟོང་ཝ་ཁྲི10ཟིན་པའི་འགན་ལེན་རང་བཞིན་གྱི་དྲ་སྦྲེལ་རླུང་ཤུགས་གློག་གཏོང་ཤོང་ཚད་ཡོངས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། ནུས་རྒྱུ་གཙང་མའི་རྟེན་གཞིའི་ཐོན་ལས་གླིང་བསྐྲུན་ཚད་མགྱོགས་སུ་བཏང་ཞིང་། དམིགས་བསལ་གློག་སྒྱུར་ལས་གྲྭ་དང་ཏུང་ཧྥང་གློག་ཤུགས་ཐོན་ལས་རྣམ་གྲངས་དེ་གླིང་ཁུལ་དུ་བཙུགས་པ་མ་ཟད། ཆུ་གློག་ཅུད་བཞི་པའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་རྟེན་གཞི་དེ་སྨར་ཁམས་ཐོན་ལས་གླིང་དུ་བཙུགས་པ་དང་། གཡུ་ལུང་ཟངས་གཏེར་གྱི་དུས་ཐེངས་གསུམ་པར2025ལོའི་ལོ་སྟོད་དུ་ཞིབ་བཤེར་ཆོག་མཆན་ཐོབ་པའི་རེ་བ་ཡོད། མཐོ་བརྩོན་དང་དུང་དཀར། ཤོད་ཐང་བཅས་ཨར་འདམ་ཁེ་ལས3གྱི་ཐོན་ནུས་རྒྱུན་མཐུད་ངང་འདོན་སྤེལ་ཐུབ་པ་དང་། སྨར་ཁམས་ཀྱི་ཤོད་ཐང་ཨར་འདམ་དང་འཇོ་མདའི་ཧྲུན་ཧུང་ཨར་ལས་རྒྱུ་ཆ། བྲག་གཡབ་ཀྱི་སྐྱིད་ཡག་འོད་ཤུགས་སྒྲིག་ཆས་བཅས་ཚད་ལོན་རིམ་སྤར་བྱས་ཤིང་། ཞོལ་ཧྭ་སྦི་རག་ལ“བོད་ཀྱི་སྤུས་ཚད་བྱ་དགའ”ཐོབ་ཡོད། ཀརྨ་དང་ཤོ་མདོ། དཔལ་འབར། སྐྱིད་གླིང་བཅས་ལ་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་གྲོང་རྡལ་ཆུང་ངུ་4མགྱོགས་སུ་སྐྲུན་པ་དང་། སྤང་མདའ་ཚང་ཉམས་གསོ་སྲུང་སྐྱོང་དང་འགྲེམས་སྟོན་བེད་སྤྱོད་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། སྨར་ཁམས་གནའ་བོའི་ཚྭ་ཞིང་5Aརིམ་པའི་མཛེས་ལྗོངས་ཁུལ་དང་ཇ་རྟའི་གྲོང་། ར་འོག་མཚེའུ། སུམ་རྩེན་རྩེ་དྲུག་སོགས4Aརིམ་པའི་མཛེས་ལྗོངས་ཁུལ་སྐྲུན་ཚད་མགྱོགས་སུ་བཏང་ཡོད། དཔལ་འབར་རྫོང་གི“ས་བབ་མཐོ་ཤོས་ཀྱི་རང་བྱུང་མདོག་གསུམ་མཚོའི་མཛེས་ལྗོངས”དང“བརྩེགས་གཉིས་འཁྱགས་དོང་ཆེ་ཤོས”ལ་འཛམ་གླིང་ཟིན་འགོད་ཀྱི་ཁས་ལེན་དཔང་སྤྲོད་ཐོབ་ཡོད། གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་བདེ་བླག་ངང་གཉེར་བས། ཡུལ་སྐོར་བ་མི་ཐེངས་ཁྲི383སྣེ་ལེན་བྱས་པ་དང་ཡོང་འབབ་སྒོར་དུང་ཕྱུར31.4བྱུང་ནས་ཆ་སྙོམས་ཀྱིས44%འཕར་ཡོད། ཆབ་མདོ་གྲོང་ཁྱེར་གྱི་གྲངས་གཞི་ཆེན་མོ་ལྟེ་གནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། གཡུ་ལུང་ཟངས་གཏེར་གྱི་རིག་ལྡན་གཏེར་རིའི་རྣམ་གྲངས་བསྐྲུན་པ་དང་། ལྷོ་རོང་རྫོང་རྔུལ་ཤོད་ཤང་གི“5G+རིག་ལྡན་ཞིང་ལས”རྣམ་གྲངས་དང་སྨར་ཁམས་རྫོང་གི་གྲངས་འཛིན་ཞིང་ལས་དཔེ་སྟོན་རྟེན་གཞི་གཞི་རྩའི་ཆ་ནས་བསྐྲུན་ཡོད།
ལོ་འདིའི་ནང་། ང་ཚོས་མཉམ་འགུལ་མཉམ་འདྲེས་དེ་གཙོ་རྒོལ་བྱེད་ཕྱོགས་སུ་བྱས་ནས་གཞི་གཅིག་ཏུ་སྐུལ་སྤེལ་བྱས་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་སྔར་བས་མཐུན་སྦྱོར་བྱུང་ཡོད། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་སྤེལ་བྱས་ནས། ཆབ་མདོའི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རྒྱལ་ཁོངས་བར་སྟོང་སྤྱི་ཁྱབ་འཆར་འགོད་ལ་ཆོག་མཆན་ཐོབ་པ་དང་། ཆབ་མདོ་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་མཐའ་མཚམས་འཆར་འགོད་ཞིབ་ཕྲ་དང་2024ལོའི་གྲོང་ཁྱེར་གཟུགས་བཤེར། དེ་བཞིན་གསར་སྒྱུར་ཁྲིད་སྟོན་གྱི་ཕྱོགས་བསྡུས་སྙན་ཞུ་སྒྲིག་བཟོ་བྱས་ཤིང་། ཡུན་ནན་ཐང་ཕྱོགས་ཁུལ་གྱི་ས་ཆ་བསྡུ་ཉར་ལ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། མ་དངུལ་སྒོར་དུང་ཕྱུར3.4བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ24དང་དུད་ཚང་1970ཡི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་ཉམས་གསོ་སྒྱུར་བཀོད་བྱས་ཡོད། རྫོང(ཆུས)11གི་གྲོང་གསེབ་ཀྱི་ཆུ་འདོན་ལས་གྲྭ་བསྒྱུར་བཀོད་རིམ་སྤར་དང་ཉམས་གསོ་བདག་སྐྱོང་ལ་གོ་རིམ་བཞིན་ལག་བསྟར་བྱས་ཤིང་། མི་སྟོང་ཡན་གྱི་ཆུ་འདོན་ལས་གྲྭ་ཁག25ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ཡོད། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི་གཞི་གྲངས4.8མཐོ་རུ་ཕྱིན་ཡོད། དབུལ་འགོག་གི་འགྱུར་ལྡན་ལྟ་ཞིབ་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་། དབུལ་སྐྱོར་ཐོན་ལས་ཀྱི“ཁག་གཅིག་བྱས་པ་བཞིའི”རིམ་སྤར་ལ་སྐུལ་འདེད་བཏང་བ་དང་། “བེམ་རོ་ལྟ་བུའི་ཁེ་ལས”40གཙང་བཤེར་བྱས་པ་མ་ཟད། སྒོར་དུང་ཕྱུར23.42དོན་འཁྱོལ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས312ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར7.94བཏང་ནས་མཐོ་སྒང་དང་མཛེས་སྡུག་ལྡན་པའི་གྲོང་གསེབ41བསྐྲུན་པ་མ་ཟད། མི་ཕྱུགས་ལོགས་དབྱེའི་དུད་ཚང་20172ལེགས་འགྲུབ་བྱུང་ཞིང་། དུད་ཚང་གི་གསང་སྤྱོད8192སྒྱུར་བཀོད་བཅས་བྱས་ཡོད། གྲོང་ཚོ་ 385ཡི“འཆར་མང་སྒྲིལ་གཅིག”གི་ཉེར་སྤྱོད་རང་བཞིན་གྱི་གྲོང་ཚོའི་འཆར་འགོད་སྒྲིག་བཟོའི་འཕེལ་རིམ་བདེ་བླག་བྱུང་ཞིང་། མཛོ་སྒང་རྫོང་2024ལོའི་སྲོལ་རྒྱུན་གྲོང་སྡེ་གཅིག་བསྡུའི་ཡུག་སྦྲེལ་སྲུང་སྐྱོང་བཀོལ་སྤྱོད་དཔེ་སྟོན་རྫོང་དུ་བདེ་ལེགས་ངང་འདེམས་ཐོན་བྱུང་ཡོད། སྦྲག་ལས་མྱུར་ཚད་མཉམ་འཕེལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཀྲུང་གོ་སྦྲག་སྲིད་བོད་ལྗོངས་ཡན་ལག་ཀུང་སི་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། དམངས་གཉེར་ཁེ་ལས150ཡིས་མ་དངུལ་སྒོར་ཁྲི2600ལྷག་ཙམ་བཏང་ནས། གྲོང་གསེབ་དར་རྒྱས་གཏོང་བར་རོགས་ཤུགས་བཏོན་པ་དང་། ཁ་རུབ་ཆུས་ཀྱི་གཅིག་སྡུད་ཉོ་སྒྲུབ་དང་ཁོངས་བརྒལ་སྡེབ་སྐྱེལ་གྲང་ཕྲེང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་ཤིང་། རྫོང(ཆུས)11གི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྣ་ཁ་ཆིག་སྟོང་ལྷག་ཙམ་གཅིག་ཏུ་བསྡུས་པའི་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ཁྱད་ལྡན་ཐོན་རྫས་ཁང་དེ་ཡུལ་སྐོར་བའི་གཅེས་ནོར་དུ་གྱུར་ཡོད།
ལོ་འདིའི་ནང་། ང་ཚོས་བསྒྱུར་བཅོས་སྒོ་དབྱེ་བྱེད་རྒྱུ་དེ་སྒུལ་ཤུགས་སུ་བྱས་ནས་གསར་གཏོད་སྲོལ་འབྱེད་བྱས་པས། འཕེལ་རྒྱས་ཀྱི་གསོན་ཤུགས་མགྱོགས་སུ་ཕྱིན་ཡོད། མ་འཇོག་དང་ནུས་རྒྱུ། གཏེར་ལས། ཞིང་ལས་གསར་སྤེལ། རིག་གནས་ཡུལ་སྐོར་བཅས་ཚོགས་པའི་ཀུང་སི་ཆེ་གྲས་ལྔ་བསྡུ་སྒྲིལ་བསྐྱར་སྒྲིག་བྱས་ནས་བདེ་བླག་ངང་གཉེར་སྐྱོང་བྱས་པས། གྲོང་ཁྱེར་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཡོང་འབབ་སྒོར་དུང་ཕྱུར5.77བརྒལ་ཡོད།ཆབ་མདོའི་བོད་སྨན་བཟོ་གྲྭ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལམ་ལུགས་སྒྱུར་བཅོས་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར1.1ཙམ་ལ་ཉེ་བའི་བོད་སྨན་ཕྱིར་ཚོང་གི་མངགས་ཐོའི་གན་རྒྱ་བཞག་ཡོད། ཁ་རུབ་ཆུས་མར་ཐང་དང་སྟག་རྩྭ་ཐང་། ཟམ་ཁ་བཅས་ཁྲོམ་གཞུང་དོན་གཅོད་ཁྲུའུ3 སྒོ་བྱང་བཀལ་ནས་བཙུགས་ཡོད།
(མུ་འགོད།)