གཅིག “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་སྤེལ་བའི་དོན་སྙིང་གང་ཡིན།
མང་ཚོགས་ཆེས་དགའ་ཤོས་དང་ཆེས་ཐད་ཀར་གྱི་ལམ་ནས་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བཅས་གཞི་རིམ་གྱི་འཐབ་ས་དང་པོ་དང་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་དྲིལ་བསྒྲགས་ཏན་ཏིག་བྱ་རྒྱུ་དེ་མང་ཚོགས་ཀྱི་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་རང་རྟོགས་སུ་འགྱུར་བར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་རྒྱུ་དེ་ཡིན།
གཉིས། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ལས་འགན་གཙོ་བོ་གང་ཡིན།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་མདོའི“འགྱུར་བ་གསུམ”གྱི་སྤྱིའི་ངེས་གནས་དང་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་ཏང་གིས་མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་དྲིལ་བསྒྲགས། མང་ཚོགས་སློབ་གསོ། མང་ཚོགས་ཞབས་ཞུ་བཅས་ཀྱི་དམིགས་བསལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་དཔེ་སྟོན་ནུས་པ་མཐའ་གཅིག་ཏུ་འདོན་སྤེལ་བྱས་ནས་གཞི་རིམ་གྱི་ཏང་རྩ་འཛུགས་དེ་ཉིད་འཐབ་འཛིང་གི་བཙན་རྫོང་སྲ་བརྟན་ཞིག་ཏུ་དངོས་གནས་བསྐྲུན་པ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཉམ་དུ་དམ་འཛིན་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རྨང་གཞི་བརྟན་དུ་བཏང་ནས་ཆབ་མདོ་སྒོ་ཀུན་ནས་བརྟན་ལྷིང་ཡོང་བར་འདེགས་སྐྱོར་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཐོག་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་འདེགས་སྐྱོར་དང་སྐུལ་འདེད་གཏོང་བ་དང་། དཔའ་ངར་ཆེན་པོས་“འཛུགས་གཏོད་བཞི”དང་“མདུན་གྲལ་དུ་སླེབས་པ་བཞིའི”སྔོན་སྐྱོད་རུ་ཁག་དང་གདོང་ལེན་རུ་དམག་ཞིག་བརྩོན་ལེན་བྱས་ཏེ། ཕྱོགས་གཅིག་ནས་གཟི་བརྗིད་བརྩོན་ལེན་བྱེད་དགོས་ལ་སྤྱི་ཡོངས་ནས་ངོ་མཚར་ཡང་གཏོད་རྒྱུ་དེ་ཡིན།
གསུམ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་དམིགས་ཡུལ་གང་ཡིན།
མི་དམངས་མང་ཚོགས་ཧུར་ཐག་ངང“ ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་ཀའི་དམིགས་ཚད་མངོན་འགྱུར་ཡོང་བའི་ནང་ཞུགས་རྒྱུ་དེ་ཡིན།
བཞི།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་གྲོང་ཁྱེར་ཡོངས་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དུས་ནམ་ཞིག་ལ་འཚོགས་པ་ཡིན།
༢༠༢༤ལོའི་ཟླ༡༢པའི་ཚེས༣༠ཉིན་ཡིན།
ལྔ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་གཞི་རྟེན་གང་ཡིན།
འགྲན་སྡུར་དང་སྤེལ་རེས་གཞི་རྟེན་དུ་བཟུང་བ་དང་། གོ་བདེ་ཞིང་ཉན་སྤྲོ་བའི་ལམ་ནས་ཏང་གིས་མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་དྲིལ་བསྒྲགས། མང་ཚོགས་སློབ་གསོ། མང་ཚོགས་ཞབས་ཞུ་བཅས་ཀྱི་དམིགས་བསལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་། རྩལ་ནུས་འགྲན་བསྡུར། རིག་གནས་སྔོག་འདོན་དང་རྒྱུད་འཛིན། གྲུབ་འབྲས་ལེགས་སྒྱུར་དང་བཀོལ་སྤྱོད། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། གྲོང་ཚོའི་སྒྲིག་སྲོལ་དང་དམངས་ཆིངས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ནང་དོན་ཟུང་འབྲེལ་དམ་ཟབ་དང་འབྲེལ་མཐུད་གཞོགས་འདེགས་བྱས་ཏེ། བྱེད་སྒོ་ཐོག་ནས་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལྡབ་འཕར་ཆགས་པ་བྱ་རྒྱུ་དེ་ཡིན།
དྲུག“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་སྤེལ་བའི་དུས་ཚོད་ནམ་བར་ཡིན།
བྱེད་སྒོ་དུས་ཚོད་ལོ་ཧྲིལ་པོར་སྤེལ་རྒྱུ་ཡིན་ལ། ལོ་རེའི་ཟླ་8པའི་ཟླ་འགོ་ནས་གཙང་གསུམ་ཇ་རྟའི་སྒྱུ་རྩལ་དུས་ཆེན་བར་གྲོང་ཁྱེར་རིམ་པའི་མཐའ་བསྡུར་བྱེད་སྒོ་སྤེལ་གྱི་ཡོད་པ་དེ་ཡིན།
བདུན།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ཁྱབ་ཁོངས་ནང་མི་སྣ་གང་དག་ཡོད།
མང་ཚོགས་ཚང་མ(དགོན་སྡེའི་གྲྭ་བཙུན་དང་དམངས་གཉེར་ཁེ་ལས་དེ་བཞིན་གཞི་རིམ་མཉམ་ལས་ཁང་གི་ལས་བཟོ་པ་འདུས)བྱེད་སྒོའི་ནང་ཞུགས་དགོས་ལ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་། གྲོང་སྡོད་དང་དགོན་སྡོད་ཀྱི་ལས་བྱེད་པ། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ། (མངགས་གཏོང་བྱས་པའི་ཀྲི་པུའུ་ཧྲུའུ་ཅི་དང་པོ) རིགས་ཁག་གི་ཆེད་བསྐོས་ལས་བྱེད་པ་སོགས་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་ཡིན་ལ་བྱེད་སྒོར་ཞུགས་མཁན་ཡང་ཡིན།
བརྒྱད།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་འགྲན་སྡུར་གྱི་རྣམ་པ་གང་འདྲ་ཡིན།
འགྲན་སྡུར་དེ་ཚོགས་པའི་འགྲན་སྡུར་དང་མི་སྒེར་གྱི་འགྲན་སྡུར་ཁག་གཉིས་ལ་དབྱེ་ཡོད་ལ། གྲོང་ཚོ་ནས་ཤང་དང་། ཤང་ནས་ཡང་བསྐྱར་རྫོང་། དེ་ནས་གྲོང་ཁྱེར་གོང་འོག་བར་གསུམ་དུ་སྤེལ་རྒྱུ་ཡིན་པ་རེད།
དགུ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ནང་དོན་གང་ཡིན།
ཁྱོན་ནང་དོན་ཆེ་ཁག་བདུན་ཡོད་པ་དེ་འགྲན་སྡུར་ཁག༣༣དབྱེ་ཡོད་པ་ལས་མི་སྒེར་གྱི་འགྲན་སྡུར་ཁག༢༦དང་། ཚོགས་པའི་འགྲན་སྡུར་ཁག༧བཅས་ཡོད།
(གཅིག) རིགས་པའི་གཞུང་ལུགས་དང་སྲིད་ཇུས་དྲིལ་བསྒྲགས་ཀྱི་འགྲན་སྡུར། (མི་སྒེར་གྱི་འགྲན་སྡུར)
ཏང་གི་གསར་གཏོད་རིགས་གཞུང་དང་། འདུ་ཤེས་བཞི། ཁྲིམས་ལུགས་ཁྲིམས་སྲོལ་སོགས་ཀྱི་བརྗོད་དོན་གཙོ་བོར་བཟུང་ནས་སྒྲོག་འགྲེལ་འགྲན་སྡུར་སྤེལ་རྒྱུ།
(གཉིས) རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འགྲན་སྡུར་གྱི་ཁོངས་སུ། (མི་སྒེར་གྱི་འགྲན་སྡུར)
༡.རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་སྡུར།
དམར་མདངས་ཆབ་མདོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོར་འཛུགས་པ། མི་རིགས་མཐུན་སྒྲིལ། བོད་གསར་རྙིང་བསྡུར་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། ལོ་རྒྱུས་ལྔ་དང་དེ་བཞིན་བོད་ས་གནས་དང་མེས་རྒྱལ་བར་གྱི་འབྲེལ་བའི་ལོ་རྒྱུས་སོགས་ཕྱོགས་བཅུའི་ཐད་ཀྱི་ནང་དོན་གཙོ་བོར་བཟུང་ནས་གཏམ་བཤད་འགྲན་སྡུར་སྤེལ་རྒྱུ།
༢.རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཡིག་གཟུགས་འགྲན་སྡུར།
འཚོ་བའི་ཉམས་མྱོང་དང་། ཕ་ཡུལ་གྱི་རྣམ་པ། རྒྱལ་ཁབ་ཀྱི་སྲིད་ཇུས། གསུང་རབ་སྙན་ཚིག ས་ཁམས་ཤེས་བྱ། མི་རིགས་མཐུན་སྒྲིལ་ཤེས་བྱ། ཁྱིམ་སྲོལ་དང་ཁྱིམ་གྱི་བསླབ་ཚིག་སོགས་ཀྱི་ནང་དོན་གཙོ་བོར་བཟུང་ནས་ཡིག་གཟུགས་འགྲན་སྡུར་སྤེལ་རྒྱུ།
(གསུམ) གཏམ་རྒྱུད་གྱེར་ཀློག་འགྲན་སྡུར་གྱི་ཁོངས་སུ། (ཚོགས་པའི་འགྲན་སྡུར)
༡.སློབ་མས་ཁྱིམ་བདག(ལྟ་སྐྱོང་པ)ལ་གཏམ་རྒྱུད་བཤད་པ།
༢.སློབ་མ་དང་ཁྱིམ་བདག་མཉམ་དུ་གཏམ་རྒྱུད་བཤད་པ།
༣.གྲོང་ཚོ་ལས་བྱེད་པ་དང་གྲོང་མི་མང་ཚོགས་མཉམ་དུ་གཏམ་རྒྱུད་བཤད་པ།
༤.དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་གྲྭ་བཙུན་མཉམ་དུ་གཏམ་རྒྱུད་བཤད་པ།
རྒྱལ་གཅེས་རིང་ལུགས་དང་། དཔའ་བོའི་བྱས་རྗེས། མི་རིགས་མཐུན་སྒྲིལ་སོགས་ཀྱི་གཏམ་རྒྱུད་བཤད་པ་ནང་དོན་གཙོ་བོར་བཟུང་ནས་གྱེར་ཀློག་འགྲན་སྡུར་སྤེལ་རྒྱུ།
(བཞི) གླུ་གར་འགྲན་སྡུར་གྱི་ཁོངས་སུ།
༡.མ་རྩོམ་གླུ་གཞས་འགྲན་སྡུར། (མི་སྒེར་གྱི་འགྲན་སྡུར)
༢.བརྗོད་དོན་གཙོ་བོའི་གླུ་གཞས་འགྲན་སྡུར། (ཚོགས་པའི་འགྲན་སྡུར)
༣.ཕུལ་བྱུང་གདོད་མའི་གླུ་གཞས་འགྲན་སྡུར། (ཚོགས་པའི་འགྲན་སྡུར)
༤.ཞབས་བྲོ་འགྲན་སྡུར། (ཚོགས་པའི་འགྲན་སྡུར)
(ལྔ) པར་རྒྱག་དང་བརྙན་ཐུང་གི་འགྲན་སྡུར་གྱི་ཁོངས་སུ། (མི་སྒེར་གྱི་འགྲན་སྡུར)
༡.པར་རྒྱག་འགྲན་སྡུར། ༢.བརྙན་ཐུང་གི་འགྲན་སྡུར།
ཆབ་མདོའི་མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་ནང་དོན་གཙོ་བོར་བཟུང་ནས་མཚོན་རྒྱུ།
(དྲུག) སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་ཀྱི་འགྲན་སྡུར།(མི་སྒེར་གྱི་འགྲན་སྡུར)
༡.ཐང་ཀའི་འགྲན་སྡུར།༢.ཤིང་བརྐོས་འགྲན་སྡུར།༣.བོད་སྤོས་འགྲན་སྡུར།
༤.འཐག་གི་འགྲན་སྡུར། ༥.པར་བརྐོ་འཇིམ་བཟོའི་འགྲན་སྡུར།༦.རྒྱན་གོས་བཟོ་བའི་འགྲན་སྡུར།༧.མར་ལོ་བཟོ་བའི་འགྲན་སྡུར།༨.བསྲུབས་ཇ་བཟོ་བའི་འགྲན་སྡུར། ༩.རྩམ་པ་གཡོས་པའི་འགྲན་སྡུར།༡༠.རྫ་ནག་བཟོ་བའི་འགྲན་སྡུར།
(བདུན) དེང་རབས་ཐོན་སྐྱེད་རྩལ་ནུས་ཀྱི་འགྲན་སྡུར་གྱི་ཁོངས་སུ། (མི་སྒེར་གྱི་འགྲན་སྡུར)
༡.ནུས་ཁུངས་གཙང་མའི་ཨར་ལས།(ཉི་ནུས་སྒྲིག་ཆས་སྒྲིག་འཛུགས)
༢.ས་བླུག་འཕྲུལ་ཆས་བཀོལ་སྤྱོད་འགྲན་སྡུར།
༣.ས་བརྐོ་འཕྲུལ་ཆས་བཀོལ་སྤྱོད་འགྲན་སྡུར།
༤.ཁང་བསྐྲུན་གྱང་བརྩེགས་འགྲན་སྡུར།
༥.ལག་ཟས་ལག་རྩལ་(བོད་ཟས་ལག་རྩལ)འགྲན་སྡུར།
༦.འགྲིམ་འགྲུལ་སྐྱེལ་འདྲེན།(འགྲུལ་སྐྱེལ་འཁོར་གཏོང)འགྲན་སྡུར།
༧.ཞིང་ལས་འཕྲུལ་ཆས་ཡོ་བྱད་བཀོལ་སྤྱོད་འགྲན་སྡུར།
༨.ཚ་ལའི་ལས་བཟོ།
༩.གློག་རྡུལ་ཚོང་ལས་ཀྱི་ཐད་གཏོང་འགྲན་སྡུར།
༡༠.མགྲོན་ཁང་གི་ཞབས་ཞུ།
བཅུ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ནང་དོན་གང་ཡིན།
གཟབ་རྒྱས་གཟེངས་བསྟོད་དང་། གཟེངས་བསྟོད་ཀྱི་སྲིད་ཇུས། དཔྱད་ཞིབ་བྱ་དགའ་དང་ཆད་གཅོད་བཅས་ཕྱོགས་བཞི་ཚུད་ཡོད། གྲོང་ཁྱེར་དང་། རྫོང་ཞང་གྲོང་ཚོ་རིམ་པ་བཞི་ཡིས་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་པའི་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་གཟེངས་བསྟོད་བྱེད་པ་དང་། མང་ཚོགས་མདུན་གྲས་གསུམ་གྱི་ལས་ཞུགས་དང་ཡོང་འབབ་རིགས་དབྱེ་ནས་ཐག་གཅོད་ལེགས་པོ་བྱེད་པ། བྱ་དགའ་ཐོབ་པའི་ཕུལ་བྱུང་ཞིང་འབྲོག་མང་ཚོགས་ལ་དཔལ་ཡོན་ཁྱིམ་ཚང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འདེམས་སྒྲུག་སོགས་ཀྱི་ཐད་སྔོན་ལ་བསམ་གཞིགས་བྱེད་པ་དང་། འགྲན་བསྡུར་སྤེལ་བའི་གནས་ཚུལ་རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་ནང་བཅུག་ནས་ཏང་འཛུགས་སྐྱོང་ལས་ཀའི་འགན་འཁྲིའི་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་ནང་བཅུག་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།
བཅུ་གཅིག གནད་ཚིག་འགྲེལ་བཤད།
དོན་ཆེན་བཞི་ནི། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཡིན།
གཏན་འཁེལ་གཉིས་ནི། ཏང་གིས་བློ་མཐུན་ཞི་ཅིང་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་འཁྲིད་གནས་བབ་གཏན་འཁེལ་བྱས་པ་གཉིས་སོ།།
“སྲུང་སྐྱོང་གཉིས”ནི།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་ལ་ཟེར།
ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་ནི། གོང་འཕེལ་མཐའ་དག་ལ་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ། གོང་བུ་གཅིག་འགྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། དམངས་འཚོ་ལེགས་བཅོས་ཀྱི་དོན་སྙིང་ལྡན་དགོས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཤུགས་ཆེན་འགྲོ་རྒྱུར་ཕན་འདོགས་དགོས།
འདུ་ཤེས་གསུམ་ནི། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཡིན།
ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཆབ་མདོར་བཏོན་པའི“འགྱུར་བ་གསུམ”གྱི་སྤྱིའི་ངེས་གནས་དང་སྤྱིའི་བླང་བྱ་ནི། ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ཞིག་ཏུ་གཏོད་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྣེ་ཁྲིད་པའི་བོད་ཤར་གྱི་ལྟེ་བའི་གྲོང་ཁྱེར་དང་ལྟེ་བའི་འཕར་སྣེ་ཞིག་ཏུ་བསྐྲུན་པ། བོད་འདི་ཉིད་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ནང་ཞུགས་པའི་ལྷུ་ཚིགས་གལ་ཆེན་གྱི་གྲོང་ཁྱེར་དང་སྒོ་དབྱེའི་ལྟེ་བ་གལ་ཆེན་ཞིག་ཏུ་ཆགས་པ་བྱ་རྒྱུ་དེ་ཡིན།
འཛུགས་གཏོད་བཞི་ནི། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ཤུགས་རྒྱག་པ་དང་། ས་མཐོའི་དཔལ་འབྱོར་སྤུས་དག་གོང་འཕེལ་གཏོང་བའི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པར་ཤུགས་རྒྱག་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་ཤུགས་རྒྱག་པ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ཤུགས་རྒྱག་པ་བཅས་ཡིན།
མདུན་གྲལ་དུ་སླེབས་པ་བཞི་ནི། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱེད་དགོས་པ་དང་། ས་མཐོའི་དཔལ་འབྱོར་སྤུས་དག་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མམདུན་གྲལ་དུ་སླེབས་པའི་་འབད་བརྩོན་བྱེད་དགོས་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་་འབད་བརྩོན་བྱེད་དགོས་པ། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་་འབད་བརྩོན་བྱེད་དགོས་པ་དེ་ཡིན།
དམིགས་བསལ་བཞི་ནི། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པའི་རྣམ་འགྱུར་དམིགས་བསལ་མཐའ་གཅིག་ཡིན་པ་དང་། ཡིན་མིན་ཆེན་པོ་གསལ་འབྱེད་བྱེད་པའི་ལངས་ཕྱོགས་དམིགས་བསལ་གསལ་པོ་ཡིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུནཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་བྱ་སྤྱོད་དམིགས་བསལ་བརྟན་པོ་ཡིན་པ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་དུང་དམིགས་བསལ་ལྷག་བསམ་རྣམ་དག་ཡིན་པ་བཅས་ཡིན།
1+3འདུ་ཤེས་བཞིའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོར་འཛུགས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དེ་ཡིན།
3+1+1ནི། ནུས་རྒྱུ་གཙང་མ་དང་། ལྗང་མདོག་གཏེར་ལས། རིག་གནས་ཡུལ་སྐོར་+གནམ་ས་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་ལྟེ་གནས་+ཞིང་འབྲོག་ལས་ཀྱི་ལས་འགན་གལ་ཆེན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན།