国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月31日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་སྐོར་ཞིབ་ལས་དོན་འགོ་ཁྲིད་ ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་དང་གྲོང་ཨུད་ཀྱི་རེས་སྐོར་བདུན་པའི་སྐོར་ཞིབ་དག་ཐེར་གྱི“ཕྱིར་མིག་ལྟ་བའི”གནས་ཚུལ་ལ་གསན་པ་མ་ཟད། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་གནང་ཡོད།

ལའོ་ཆིན་འུའུ་དང་། ལིས་པིང་། དངོས་གྲུབ་ཟླ་བ། ཀྲའོ་པིང་། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་། ཅའེ་ཝུན་ཀོང་བཅས་ཞུགས་ཡོད།

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི2024ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་དང་སྐོར་ཞིབ་ཚན་པའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྐོར་ཞིབ་ཚན་པ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་དང་། སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་། རང་འགན་ཐེག་པ་ཁུར་ལེན། སྐོར་ཞིབ་དག་ཐེར་དོན་འཁྱོལ་ཡོང་བར་རྒྱུན་མཐུད་རྗེས་འདེད། གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་ནུས་ལྡན། རྒྱུན་བསྲིང་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཕན་འབྲས་ཅུང་ཙམ་ཐོབ་པ། ཆབ་སྲིད་སྐྱེ་ཁམས་ལ་དེ་བས་སྤྱོད་གཙང་གཞུང་དྲང་བཅས་བྱུང་ཡོད་ཅེས་བསྟན།

ཀྲོང་ཅིན་སུང་གིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་།རྒྱུན་མཐུད་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་བློ་བརྟན་འགྱུར་མེད་ངང་ཡག་པོ་རྒྱག་པར་བླང་བྱ་ཁ་གསལ་བཏོན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བར་འཐབ་ཇུས་བཀོད་སྒྲིག་གནང་བ་དེས། ང་ཚོས་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ད་ལོར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ལེགས་པར་སྒྲུབ་པར་དོན་སྙིང་ཆེ་ཞིང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ།“གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་སྲུང་དང“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་སྒྲུབ་ནས་བསམ་བློ་དང་བྱ་སྤྱོད་རང་འགུལ་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོའི་ཐོག་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་ཏན་ཏིག་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་རྒྱུན་བསྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ལྟ་སྐུལ་ཏན་ཏིག་སྤེལ་བ་དང་། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་ཀྱི་ཐད་སྔར་བས་གཏིང་ཟབ་ཏུ་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་མུ་མཐུད་དུ་བསྐྲུན་དགོས་པའི་ནན་བཤད་གནང་ཡོད། ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱོད་གཙང་གི་མཐའ་ཐིག་བརྟན་སྲུང་དངསྒྲིག་ཁྲིམས་དང་ཁྲིམས་སྲོལ་གྱི་རྩ་བ་དམ་པོར་བཟུང་ནས་སྤྱོད་གཙང་ལོ་གསར་དང་གྲོན་ཆུང་ལོ་གསར་ཞིག་རོལ་ཏེ་ཐུན་མོང་གིས་སྤྱོད་གཙང་གཞུང་དྲང་དང་སྤྲོ་སྣང་དང་ཞི་མཐུན་གྱི་རྣམ་པ་བསྐྲུན་རྒྱུའི་བླང་བྱ་བཏོན་ཡོད།