国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月31日

རང་རེའི་གྲོང་ཁྱེར་གྱིས“རིག་གནས་ཡུལ་སྐོར་གྱིས་དམངས་ལ་སྤྲོ་བ་སྟེར”ཞེས་པའི་དཔྱིད་གསར་གྱི་ཆ་ཡིག་འབྲི་བ་དང་ཡིག་གཟུགས་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བ།

ཡིག་གཟུགས་འགྲན་སྡུར་ནང་ཧུར་ཐག་ངང་ཞུགས་བཞིན་པ།

ཡིག་གཟུགས་མཁས་ཅན་གྱིས་དཔྱིད་གསར་གྱི་ཆ་ཡིག་འབྲི་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས26ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་དཔེ་མཛོད་ཁང་གིས“རིག་གནས་ཡུལ་སྐོར་གྱིས་དམངས་ལ་སྤྲོ་བ་སྟེར”ཞེས་པའི་དཔྱིད་གསར་གྱི་ཆ་ཡིག་འབྲི་བ་དང་ཡིག་གཟུགས་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བ་རེད།

དཔེ་མཛོད་ཁང་གི་དཔེ་ཀློག་ཁང་དུ་བྱེད་སྒོར་ཞུགས་མཁན་གྲོང་མི་མང་པོ་ཞིག་སླེབས་ཡོད། ཡིག་མཁན་ཚོས་ཡུལ་དངོས་སུ་རང་གི་བྲིས་རྩལ་ཡོད་རྒུ་བཏོན་ནས་ལོ་གསར་གྱི་ཤིས་ཚིག་བྲིས་ཏེ་གྲོང་མི་རྣམས་ལ་ལོ་གསར་གྱི་རྟེན་འབྲེལ་མཚོན་ཕྱིར་ལེགས་སྐྱེས་སུ་གནང་བ་རེད། དེ་བཞིན་གྲོང་ཁྱེར་དཔེ་མཛོད་ཁང་གིས་ཡིག་གཟུགས་འགྲན་སྡུར་སྤེལ་བས་ཡིག་གཟུགས་ལ་དགའ་མཁན་མང་པོ་ཞིག་གི་དང་བ་ཅིག་ཅར་དུ་འདྲེན་ཡོད། འགྲན་སྡུར་གྱི་མཐའ་མཇུག་ལ་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ། ཕུལ་བྱུང་བྱ་དགའ་བཅས་བདམས་ཐོན་བྱུང་བ་རེད།

ད་རེས་ཀྱི་བྱེད་སྒོའི་ཐོག་གྲོང་མི་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་རྟེན་འབྲེལ་ཚོར་ཐུབ་པས་མ་ཚད་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་ཆ་རྒྱུས་གང་འཚམ་བྱུང་ཞིང་རིག་གནས་ཀྱི་གདེང་ཚོད་དང་མི་རིགས་ཀྱི་ལ་རྒྱ་ཡང་ཆེ་རུ་སོང་ཡོད་པ་རེད།