国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月31日

ཆབ་མདོ་གྲོང་ཁྱེར་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་ལས་བཟོའི་དཔྱིད་གསར་དུས་ཆེན་བསུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་སུ། ཟླ1ཚེས26ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་ལས་བཟོའི་དཔྱིད་གསར་དུས་ཆེན་བསུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་ལས་བཟོ་དང་ཕན་ཚུན་ཁ་བཏགས་གཡོགས་རེས་དང་སྨོན་འདུན་བཟང་པོ་ཞུས་ནས་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་ལྷུག་པོར་གླེང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།

ཀྲོང་ཅིན་སུང་སོགས་གྲོང་ཨུད་དང་། དམངས་འཐུས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཀྱིས་ཚང་མར་ཕྱག་འཇུ་གནང་ནས་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་འབྲེལ་ཁོང་ཚོ་བརྒྱུད་ནས་ཆབ་མདོར་ཕྱག་ལས་གནང་མྱོང་བ་དང་ཆབ་མདོ་བརྟན་ལྷིང་འཕེལ་རྒྱས་གཏོང་བའི་བྱ་གཞག་ཁག་ལ་ལེགས་སྐྱེས་འབུལ་མྱོང་བའི་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚང་མར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་འདས་མ་ཐག་པའི་ལོ་གཅིག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་།ཧྲུའུ་ཅི་ཝང་ཅོན་ཀྲེང་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད། འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཁག་གི་ཐུགས་ཁུར་རྒྱབ་སྐྱོར་བཅས་ཀྱི་འོག ཆབ་མདོ་འདི་ཉིད་ལྗོངས་ཡོངས་དང་འདྲ་བར་བརྟན་ལྷིང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལེགས་པོ་ཐོབ་ཡོད། གྲུབ་འབྲས་འདི་དག་ཐོབ་པ་ནི་སྐབས་རིམ་བྱུང་གི་ཚན་ཁག་གིས་བཞག་པའི་རྨང་གཞི་བརྟན་པོ་དང་ལྷག་པར་དུ་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལས་བྱུང་བ་ཡིན་ཞེས་གསུངས།

ཀྲོང་ཅིན་སུང་གིས་ཆབ་མདོའི་འཐབ་ཇུས་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ལངས་ནས་ཆབ་མདོ་འདི་ཉིད་ཏང་ཡོངས་དང་། རྒྱལ་ཡོངས། ལྗོངས་ཡོངས་བཅས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ཁྲོད་ཀྱི་གནས་བབ་ལ་ཞིབ་ལྟ་དང་། ཆབ་མདོའི་དམིགས་བསལ་གྱི་ལེགས་ཆ་དང་ཞན་ཆ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པས་ཆབ་མདོའི་ཆེས་འབུར་ཐོན་གྱི་ཁྱད་ཆོས་ནི“དམར་མདངས”ཡིན་པ་དང་། ཆེས་ཕན་ཡོད་ཀྱི་ལེགས་ཆ་ནི་གནས་ཡུལ་དང་ཐོན་ཁུངས་ཀྱི་ལེགས་ཆ་ཡིན་པ། ཞན་ཆ་ཆེ་ཤོས་ནི་འགྲིམ་འགྲུལ་འཇུར་མིག་ཚོད་འཛིན་ཡིན་པ་གནད་ཟིན་པར་བྱས་ཡོད། ཧྲུའུ་ཅི་ཝང་ཅོན་ཀྲེང་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“འཛུགས་གཏོད་བཞི”དང་“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་དམིགས་འབེན་གྱི་ཁྲིད་སྟོན་འོག“ཆབ་མདོ་ནི་གང་ཞིག་ཡིན་པ་དང་། གང་ཞིག་སྒྲུབ་དགོས་པ། ཇི་ལྟར་སྒྲུབ་དགོས་པ”བཅས་ལ་དམ་པོར་དམིགས་ནས། དཔའ་ངར་ཆེན་པོས“འཛུགས་གཏོད་བཞི”དང་“མདུན་གྲལ་དུ་སླེབས་པ་བཞིའི”སྔོན་སྐྱོད་རུ་ཁག་དང་གདོང་ལེན་དམག་མི་ཞིག་བྱེད་པར་བརྩོན་ལེན་བྱེད་པའི་འབོད་སྐུལ་བཏང་བ་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཆབ་མདོ་འདི་ཉིད“འཛུགས་སྐྲུན་གཏོད་གསུམ”གྱི་སྤྱིའི་གནས་ངེས་དང་སྤྱིའི་བླང་བྱ་ཐག་གཅོད་བྱེད་པར།“ཡོད་ཚད་ཤར་ཕྱོགས་སུ་བསྐྱོད་ནས་ཡུན་རིང་བདེ་སྐྱིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ལས་ཀའི་དམིགས་འབེན་ཁ་གསལ་བྱས་པ་དང་། བོད་ཡུན་རིང་བདེ་སྐྱིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་། འགན་ལེན། འདེགས་སྐྱོར་བཅས་བྱས་ཏེ། རང་འགུལ་ངང་འགན་འཁྲི་འཁུར་དགོས་པ་དང་། འགན་འཁྲི་བསྒྲུབས་དགོས་པ། ལེགས་སྐྱེས་འབུལ་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཟིགས་སྐྱོང་ཚད་མེད་་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་དང་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་བློ་མཐུན་རྒན་གྲས་ཚང་མས་རྒྱབ་སྐྱོར་ཤུགས་ཆེན་བྱས་ན། ང་ཚོས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགལ་རྐྱེན་ལས་རྣམ་པར་རྒྱལ་ནས་ཧུར་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལག་ལེན་གྱི་ལེའུ་གསར་པ་འབྲི་ཐུབ་པ་དང་། འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པར་བརྟེན་ནས་ཕྱོགས་གཅིག་ནས་ཆབ་མདོའི་གཟི་བརྗིད་བརྩོན་ལེན་བྱེད་དགོས་ལ་བོད་སྤྱི་ཡོངས་ནས་ངོ་མཚར་ཡང་གཏོད་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མངགས་བཅོལ་ཆེན་པོ་དང་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་རེ་བ་ཆེན་པོ་སྟོང་ཟད་དུ་མི་འགྲོ་བར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་བསྟན།

བུ་ལྷ་དང་ཚེ་རིང་གཡང་འཛོམས་རྣམ་གཉིས་ཀྱི་གཏམ་བཤད་ནང་ཏང་གིས་ཐུགས་ཁུར་དང་གསོ་སྐྱོང་གནང་བའི་དྲིན་ལན་དང་ཆབ་མདོར་འབད་འཐབ་བྱས་རྗེས་བཞག་པའི་གཟི་བརྗིད་དང་སྤོབས་པ་མཚོན་ཡོད།