གཡོན་གྱི་རི་མོ། རུ་ཆེན་མི་སྣས་མེ་འགོག་མེ་གསོད་སྒྲིག་ཆས་ཀྱི་བཀོལ་སྤྱོད་བྱེད་ཐབས་ལ་གསལ་འགྲེལ་བྱེད་བཞིན་པ།
གཡས་ཀྱི་རི་མོ། རུ་ཆེན་མི་སྣས་མེ་ཟོན་སྒྲིག་ཆས་ཀྱི་ལྷུ་ལག་ལ་བརྟག་དཔྱད་བྱེད་བཞིན་པ།
ཉེ་ཆར། ཁ་རུབ་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མངའ་ཁོངས་ཀྱི་ཞིང་ཚོང་ཁྲོམ་རར་དྲིལ་བསྒྲགས་སློབ་གསོ་དང་གྲལ་བཤེར་ལས་དོན་སྤེལ་བ་རེད། དྲིལ་བསྒྲགས་མི་སྣས་ཁྲོམ་ར་དང་དེ་བཞིན་ཉེ་འཁོར་གྱི་ཚོང་ཁང་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་པ་དང་། ལྷག་པར་དུ་མང་ཚོགས་ཀྱིས་གློག་སྐུད་གང་བྱུང་དུ་འཐེན་པ་དང་སྒྲིག་འགལ་ངང་གློག་དྲོད་གློག་ཆས་སྤྱོད་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་མེ་ཟོན་སྒྲིག་བཀོད་བཀོད་སྒྲིག་རྒྱུན་མཐུད་འཐུས་ཚང་དུ་གཏོང་དགོས་པའི་དྲན་སྐུལ་བྱས་ཡོད།