འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2024ལོའི་ཟླ12པའི་ཚེས25ཉིན་གོ་འཇོ་རྫོང་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་ཀྱི་ས་ཆ་བསྡུ་སྒྲིལ་གྱི་ཁ་གསབ་སྤྲོད་པའི་མཛད་སྒོ་དེ་འབོ་ལོ་གྲོང་རྡལ་དུ་སྤེལ་བ་རེད། འབོ་ལོ་གྲོང་རྡལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་། གླིང་ཐང་གྲོང་ཚོ་བཅའ་སྡོད་ལས་དོན་རུ་ཁག་དེ་བཞིན་ས་ཆ་བསྡུ་སྒྲིལ་དུད་ཁྱིམ36གི་མང་ཚོགས་ཀྱི་འཐུས་མི་མཛད་སྒོ་ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་དམིགས་འཁྲོལ་གཉེར་སྐྱོང་གི་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱ་རྒྱུ་ནི་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཁོར་ཡུག་སྦགས་བཙོག་འགོག་བཅོས་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་མི་དམངས་ལ་ཕན་པའི་བྱེད་ཐབས་ཤིག་རེད། གོ་འཇོ་རྫོང་ནི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ཚོད་ལྟའི་རྫོང་ཞིག་ཡིན་པའི་ངོས་ནས་དྲོད་རླངས་མཁོ་འདོན་ཁྱོན་སྨི་ངོས་གྲུ་ཁྲི་28.174ཟིན་པ་དེ་གོ་འཇོ་རྫོང་གྲོང་ཁུལ་གྱི་ལས་ཁུངས་དང་། སློབ་གྲྭ སྨན་ཁང་། དམངས་སྡོད་ཁང་སོགས་དང་འབྲེལ་བ་ཡོད།མང་ཚོགས་དུད་ཚང་36ལ་ས་ཆ་བསྡུ་ལེན་གྱི་ཁ་གསབ་དངུལ་ཁྱོན་སྒོར་ཁྲི་733.26སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ས་ཆ་བསྡུ་ལེན་གྱི་ཁ་གསབ་སྤྲོད་པའི་མཛད་སྒོ་བདེ་བླག་ངང་འཚོགས་པ་དེས་ནུས་རྒྱུ་གཙང་མའི་གཅིག་བསྡུས་དྲོད་གཏོང་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།