国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月14日

གྲོང་ཁྱེར་འགོ་ཁྲིད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པར་བཀྲ་ཤིས་སྨོན་འདུན་བསྐྱལ་བ་མ་ཟད་གུས་འདུད་ཞུས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1པའི་ཚེས10ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་ལྔ་པའི་ཉིན་དེར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་གྲོང་ཁྱེར་སྤྱི་བདེ་ཅུས110བཀོད་འདོམས་ལྟེ་གནས་དང་། ཁ་རུབ་ཆུས་སྤྱི་བདེ་ཅུས་དམངས་བདེ་ཉེན་རྟོག་ལས་དོན་ནུབ་ལམ་དུམ་བུའི་ས་ཚིགས་བཅས་སུ་སོང་ནས་འཐབ་ས་དང་པོའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་ལ་འཚམས་འདྲི་ཞུས་པ་དང་། ལས་གནས་བརྟན་སྲུང་དང་ཧུར་ཐག་འབད་འབུངས་བྱེད་ཀྱིན་པའི་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཉེན་རྟོག་པར་དུས་ཆེན་གྱི་སྨོན་འདུན་དང་བླ་ན་མེད་པའི་གུས་འདུད་ཞུས་ཡོད། ཧྲི་ཀྲང་གཞོན་པ་ཉི་མ་ཚེ་རིང་འཚམས་འདྲིའི་ནང་ཞུགས་ཡོད།

ཝང་ཡ་ཏུང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་བཙུགས་པ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་བདེ་དཔུང་ཁག་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྤྱི་བདེ་ཡིས་དུས་རབས་གསར་པའི་ནང་ལས་འགན་གསར་པ་བསྒྲུབ་རྒྱུ་དང་འགན་འཁྲི་གསར་པ་མངོན་པར་བྱེད་པའི་རེ་བ་དྲག་པོ་མངོན་པ་རེད། 110བཀོད་འདོམས་ལྟེ་གནས་ནི་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་དོན་གྱི་ཀླད་པ་དང་ལྟེ་བ་ཡིན་པས། ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་གཏོང་དགོས་པ་དང་། སྤྱི་བདེ་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཕྱོགས་ཡོངས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ། ཉེན་རྟོག་གནས་ཚུལ་དུས་ཐོག་དང་ནུས་ཆེ་དང་ལེན་བྱེད་པ་དང་ཉེན་རྟོག་སྟོབས་ཤུགས་བཀོད་གཏོང་གནད་ལ་འཁེལ་ཞིང་ནུས་ལྡན་ཡོང་བ་བཅས་བྱས་ནས “ཐམས་ཅད་ཤར་ལ་ཕྱོགས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་སྐྲུན་དགོས”ཞེས་པའི་ལས་ཀའི་དམིགས་ཚད་གཏན་འཁེལ་མངོན་འགྱུར་བྱ་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་ཅེས་བསྟན།