国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月10日

གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡིས2024ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1པའི་ཚེས6ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡིས2024ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་གྱིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་ཧུའུ་ཏན་ཧྥུའུ་དང་། འཕྲིན་ལས། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཁོངས་མི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་ཅོན་དང་། རྡོ་རྒྱལ། ཀྲང་ཝུན་ལིས་བཅས་ཚོགས་འདུ་ཞུགས་ཡོད།

ཚོགས་འདུའི་ཐོག་རྡོ་རྗེ་དགྲ་འདུལ་གྱིས་ཏང་ཙུའུ་ཚན་ཁག་གི་ཚབ་ཞུས་ནས་་བསྡུར་ཞིབ་བཤེར་གནང་བ་དང་འབྲེལ་སྣེ་ཁྲིད་དེ་མི་སྒེར་གྱིས་ལྟ་བསྡུར་ཞིབ་བཤེར་བྱས་པའི་སྐོར་གྱི་གཏམ་བཤད་ཀྱང་གནང་བ་དང་། ཚན་ཁག་གི་ཁོངས་མི་རེ་རེ་ཡིས་ལྟ་བསྡུར་ཞིབ་བཤེར་གྱི་གཏམ་བཤད་སྤེལ་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྲིད་གྲོས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ཏང་ཙུའི་གཙོ་དོན་སློབ་གསོ་དང་སྐོར་གཟིགས་དག་ཐེར་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་དག་ཐེར་བྱ་ཐབས་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་སྒྲིག་ཁྲིམས་ལྟ་བཤེར་ཨུ་ལྷན་དང་། གྲོང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཕེབས་ཏེ་མཛུབ་ཁྲིད་དང་དཔྱད་བརྗོད་སྤེལ་བ་དང་།“འཐུས་མི་གཉིས་དང་ཨུ་ཡོན་གཅིག”དེ་བཞིན་མང་ཚོགས་ཀྱི་འཐུས་མི་ཁ་ཤས་གདན་ཞུས་ལྟར་ཚོགས་འདུ་ཟུར་ཞུགས་བྱས་ཡོད།