国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月10日

གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་2024ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1པའི་ཚེས7ཉིན་གྱི་སྔ་དྲོར། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་2024ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ་རེད། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཧྲུའུ་ཅི་ཀྲུའུ་རེན་ཆིས་ཡན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་སྒྲིག་ཁྲིམས་ལྟ་བཤེར་ཨུ་ལྷན་དང་། གྲོང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཕེབས་ཏེ་མཛུབ་ཁྲིད་དང་དཔྱད་བརྗོད་སྤེལ་ཡོད།

ཚོགས་འདུའི་ཐོག་ཆིས་ཡན་ཧའེ་ཡིས་གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་གནང་བ་དང་འབྲེལ་སྣེ་ཁྲིད་དེ་མི་སྒེར་གྱིས་ལྟ་བསྡུར་ཞིབ་བཤེར་བྱས་པའི་སྐོར་གྱི་གཏམ་བཤད་ཀྱང་གནང་བ་དང་། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བློ་བཟང་ཡེ་ཤེས་དང་། ཀྲང་ཝུན་ཧྲན། བསོད་ནམས་དར་རྒྱས། བློ་བཟང་རྒྱལ་མཚན་བཅས་ཀྱིས“སྣེ་ཁྲིད་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་ནས་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོབ་བྱ་རྒྱུ། སྣེ་ཁྲིད་དེ་ཏང་གཤིས་མཐོར་གཏོང་དང་། སྒྲིག་ཁྲིམས་ནན་སྲུང་། སྤྱོད་ཚུལ་ཞུན་བརྡར་བཅས་བྱ་རྒྱུ། སྣེ་ཁྲིད་དེ་སྒྲིག་བཀུར་ཁྲིམས་སྲུང་དང་གཞུང་དྲང་སྤྱོད་གཙང་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་བློ་ཁོག་ཆེན་པོས་བྱ་བ་སྒྲུབ་རྒྱུ། སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ”བཅས་ཀྱི་ཐད་ནས་ལྟ་བསྡུར་ཞིབ་བཤེར་གནང་བ་དང་སྦྲགས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱང་གནང་བ་རེད།