འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་ཨུད་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད། ཟླ1པའི་ཚེས6ཉིན་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཚན་ཁག་གིས2024ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་སློབ་གསོའི་གཅུན་སྡོམ་དང་འགན་སྲུང་ཡར་སྐུལ་ནུས་པ་ཕྱོགས་བསྡུས་འདོན་སྤེལ་དང་སྐུལ་ལྕག་ནུས་པ་འགན་སྲུང་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང་“འཛུགས་གཏོད་བཞིར”ཤུགས་བརྒྱབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་སྒྲིག་ཁྲིམས་ཀྱི་འགན་ལེན་ཆེན་པོ་མཁོ་འདོན་བྱེད་དགོས།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོར་འཚོག་ཆེད། ཚོགས་འདུའི་སྔོན་ལ་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲ་སྒྲིག་གང་ལེགས་དང་། ནན་ཏན་གྱིས་གཞུང་ལུགས་སློབ་སྦྱོང་། གྲོས་འགོ་དང་བསམ་འཆར་བསྡུ་ལེན། སེམས་གཏམ་གླེང་མོལ་བྱས་ཤིང་། གཤིབ་སྡུར་ཞིབ་བཤེར་རྒྱུ་ཆ་ནན་ཏན་སྒོས་བྲིས་པ། མི་འདང་བའི་གནད་དོན་དབྱེ་ཞིབ་གཏིང་ཟབ་བཅས་བྱས་ནས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་པར་རྨང་གཞི་བརྟན་པོ་བཏིང་ཡོད།
ལའོ་ཆུན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཚན་ཁག་གི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་གནང་བ་དང་འབྲེལ་སྣེ་ཁྲིད་དེ་མི་སྒེར་གྱིས་ལྟ་བསྡུར་ཞིབ་བཤེར་བྱས་པའི་སྐོར་གྱི་གཏམ་བཤད་ཀྱང་གནང་བ་དང་། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཚན་ཁག་གི་ཁོངས་མི་རེ་རེ་བཞིན་ལྟ་བསྡུར་ཞིབ་བཤེར་གནང་བ་དང་སྦྲགས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱང་གནང་བ་རེད།
ལའོ་ཆིན་འུའུ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུར་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་དང“འདུ་ཤེས་བཞི”གཏིང་ཟབ་གཏོང་བ་བཅས་བྱས་ནས། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་རྒྱུར་མཐའ་འཁྱོངས་བྱས་ཏེ། དངོས་འབྲེལ་སྦྱོང་བ་དང་ཡིད་ཆེས་དངོས་གནས་བྱེད་པའི་ཁྲོད་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་། ཐོས་བསམ་མྱོང་རྟོགས་ཁྲོད་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། ལག་བསྟར་ཞིབ་ཚགས་ཁྲོད་རང་ཉིད་ལ་རྒྱུན་ཆད་མེད་པར་ཞུན་བརྡར་སྤྲོས་པ། ཤེས་སྦྱོར་གཅིག་མཐུན་ཁྲོད་རང་འགུལ་ངང་རང་འགན་ཐེག་པ་འཁུར་ལེན་བཅས་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི“མིག་དཔེ་དྲུག”དང“དོན་འཁྱོལ་བརྒྱད”ཀྱི་བླང་བྱ་དང་ལྟ་བསྡུར་ཡང་ཡང་བྱས་ཏེ། མགྱོགས་མྱུར་འཕྲལ་སྒྲུབ་ཀྱི་དུས་གཏུག་གི་བསམ་པ་དང་། དངོས་འཛིན་དངོས་སྒྲུབ་ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས་བརྟན་ལྷིང་སྲུང་སྐྱོབ་དང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། མཐའ་བརྟན་མཐའ་དར་སོགས་ཀྱི་ལས་དོན་ཁྲོད་གདོང་མཆོང་དང་སྔོན་སྐྱོད་པ། མིག་དཔེ་སྟོན་དགོས། སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོད་འཐབ་རྩོད་ཀྱི་གནད་དོན་ཐད་དམིགས་བསལ་རང་བཞིན་གྱི་བསམ་བློ་གང་ཡང་མེད་པ་བརྟན་པོར་བཙུགས་ཏེ། སྣེ་ཁྲིད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
གྲོང་ཁྱེར་སྒྲིག་ཁྲིམས་ལྟ་བཤེར་ཨུ་ལྷན་དང་། གྲོང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཕེབས་ཏེ་མཛུབ་ཁྲིད་དང་དཔྱད་བརྗོད་སྤེལ་བ་དང་།“འཐུས་མི་གཉིས་དང་ཨུ་ཡོན་གཅིག”ཚོགས་འདུ་ཟུར་ཞུགས་བྱས་ཡོད།