国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年01月10日

ཀྲོང་ཅིན་སུང་གིས“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང་བྱས་རྗེས་འཇོག་མཁན་མི་སྒེར་དང་མཉམ་སྡེབ་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1པའི་ཚེས6ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་རང་རེའི་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི”མཚན་སྙན་ཐོབ་མཁན་ཐོག་རྒོད་རྒྱལ་མཚན་དང་། བྱས་རྗེས་རིམ་པ་དང་པོ་ཐོབ་མཁན་བསོད་ནམས་ཚེ་རིང་དང་།ཏུང་ཧྥུའུ་ཤིག་བཅས་བློ་མཐུན་གསུམ་དང་གཞུང་ཞབས་པའི་བྱས་རྗེས་རིམ་པ་དང་པོ་ཐོབ་པའི་མཉམ་སྡེབ་ཀྱི་འཐུས་མིར་མཇལ་འཕྲད་གནང་ཞིང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་གིས་བྱ་དགའ་ཐོབ་པའི་མཉམ་སྡེབ་དང་མི་སྒེར་གྱིས་མཚན་སྙན་ལ་གཅེས་སྤྲས་དང་། ཡང་འབད་བསྐྱར་འབད། ཕུལ་བྱུང་གི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ། དཔེ་བཟང་སྣེ་ཁྲིད་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ཆབ་མདོའི“མཐའ་དག་ཤར་ཕྱོགས་ལ་ཕྱོགས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི”ལས་ཀའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་གྲུབ་འབྲས་བཟང་པོ་བསྐྱར་དུ་གཏོད་པ་དང་བྱས་རྗེས་གསར་པ་བསྐྱར་དུ་འཇོག་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀྲོང་ཅིན་སུང་གིས་ཐོག་མར་ལྗོངས་ཡོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི”མཚན་སྙན་ཐོབ་མཁན་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་ཏང་ཨུད་ཧྲུའུ་ཅི་ཐོག་རྒོད་རྒྱལ་མཚན་དང་། བྱས་རྗེས་རིམ་པ་དང་པོ་ཐོབ་མཁན་ཆབ་དགོན་བྱམས་པ་གླིང་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་བསོད་ནམས་ཚེ་རིང་། གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉེན་རྟོག་ལས་དོན་ལག་རྩལ་རིམ་པ་གཉིས་པའི་གཙོ་གཉེར་ཏུང་ཧྥུའུ་ཤིག གཞུང་ཞབས་པའི་བྱས་རྗེས་རིམ་པ་དང་པོའི་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པའི་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་གྱི་འཐུས་མི་ཀྲང་ཅིན་བཅས་ལ་ཕྱག་འཇུ་བཏང་བ་དང་། ཁོ་ཚོར་བཀྲ་ཤིས་པའི་མཇལ་དར་བསྒྲོན་ནས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པའི་ཁར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པར་དཀའ་སྤྱད་འབད་འབུངས་བྱེད་པའི་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

མཇལ་འཕྲད་གནང་རིང་། “མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང་བྱས་རྗེས་འཇོག་མཁན་མི་སྒེར་དང་མཉམ་སྡེབ་ཀྱི་འཐུས་མིས་ལས་དོན་སྙན་སེང་ལ་གསན་རྗེས། ཀྲོང་ཅིན་སུང་གིས་ཁོ་ཚོས་ལས་རྐང་ལ་གཞི་ཚུགས་ཏེ་ཏང་གི་ཆེད་དུ་ལས་དོན་སྒྲུབ་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་ལས་བཀུར་སྐྱེས་འབུལ་གྱི་སྙིང་སྟོབས་དང་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད།

ཀྲོང་ཅིན་སུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་དམིགས་ཏེ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དེས་དུས་རབས་གསར་པའི་གཞུང་ཞབས་པའི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། མཚན་སྙན་འདི་ཐོབ་པ་ནི་་མི་སྒེར་གྱིས་འབད་འཐབ་ལྷོད་མེད་བྱས་པའི་འབྲས་བུ་ཡིན་ལ། ལས་ཁུངས་ཀྱིས་མཁོ་འདོན་བྱས་པའི་སྟེགས་བུ་དང་གོ་སྐབས་དང་ཁ་འབྲལ་ཐབས་མེད་ཅིང་། ཏང་རྩ་འཛུགས་ཀྱིས་ལོ་མང་རིང་གསོ་སྐྱོང་དང་སློབ་གསོ་གནང་བར་ཡང་ཁ་འབྲལ་ཐབས་དེ་བས་ཀྱང་མེད། གཟི་བརྗིད་མཚན་སྙན་ཐོབ་པའི་ཐུན་མོང་དང་མི་སྒེར་གྱིས་མཚན་སྙན་ལ་གཅེས་སྤྲས་བྱས་ཏེ་ཡང་འབད་བསྐྱར་འབད་དང་། དྲིན་ཚོར་འབད་འབུངས། ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པའི་ཐོག་ནས་ལས་དོན་གསར་པའི་ནང་ཞུགས་ཏེ་རང་ངོས་ཀྱི་རིན་ཐང་མངོན་འགྱུར་དང་མི་ཚེའི་ངོ་མཚར་མངོན་པ་དང་། ཏང་དོན་ལས་སྒྲུབ་དང་དམངས་དོན་ཞབས་འདེགས་གཉིས་ཕན་ཚུན་ཟུང་དུ་འབྲེལ་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཆབ་མདོའི་བྱས་རྗེས་འཇོག་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རང་ཉིད་ཀྱི་འགན་འཁྲི་བསྒྲུབ་པ་དང་ལེགས་སྐྱེས་འབུལ་དགོས་ཞེས་བསྟན།

ཀྲོང་ཅིན་སུང་གིས་སྔོན་ཐོན་དཔེ་བཟང་ཅན་ནི་དུས་རབས་ཀྱི་མིག་དཔེ་ཡིན་ཞིང་། དེས་དུས་རབས་གསར་པའི་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་མཚོན་ལ། ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱི་གཟུགས་བརྙན་བཟང་པོ་ཡང་མངོན་ཡོད། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གཞུང་ཞབས་པ་ཚོས་སྣེ་ཁྲིད་དེ་དར་ཆ་གསལ་བསྒྲེང་གིས་ཆབ་སྲིད་ལ་སྣང་ཆེན་དང་། སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་ཤེས་པ་དང་མཐར་ཕྱིན་པ་ཤེས་པ།“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་ཚད་མཐོའི་གཅིག་གྱུར་ཡོང་བར་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་ཡོད།