国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年12月28日

ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་གྱིས་ཚོགས་ཆེན་ལ་འབྱོར་ཐོ་འགོད་པ།

འདི་ནི་འབྱོར་ཐོ་འགོད་བཞིན་པའི་ཡུལ་དངོས་ཡིན་པ། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པའི་འཐུས་མི་དང་ཆབ་མདོ་གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཨུ་ཡོན་ཚོས་ཡུལ་བབ་དམངས་འདུན་སེམས་ལ་འཆང་བ་དང་ལས་འགན་དང་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ཏེ་སྙིང་སྟོབས་རབ་འཕེལ་དང་གདེང་ཚོད་ཀྱིས་ཁེངས་བཞིན་དུ་གཅིག་མཇུག་གཉིས་མཐུད་ངང་ཚོགས་ཆེན་གྱི་འབྱོར་ཐོ་བཀོད་བཞིན་ཡོད་པ་རེད། ཟླ12ཚེས25ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་གྱི་ཨུ་ཡོན་ཚོས་སྡོད་གནས་སུ་འབྱོར་ཐོ་བཀོད་པ་དང་། ཟླ12ཚེས26ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པར་ཞུགས་པའི་འཐུས་ཚབ་ཁག་གི་འཐུས་མི་ཚོས་ཚོགས་ཆེན་ལ་འབྱོར་ཐོ་བཀོད་པ་རེད།