འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས24ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆིས་ཡན་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།
ཚོགས་འདུར་ཞུགས་དགོས་པའི་མི་39དང་། དངོས་སུ་འབྱོར་བའི་མི32ཡོད་པས། གཏན་འཁེལ་གྱི་མི་གྲངས་དང་མཐུན་ཡོད་པ་རེད།
གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བློ་བཟང་ཡི་ཤེས་དང་། བསོད་ནམས་དར་རྒྱས། ཡེ་ཤེས་ཆོས་འཕེལ། དེ་བཞིན་གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝུའུ་དབྱིང་ཧུའེ་བཅས་ཚོགས་འདུ་ཞུགས་ཡོད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གི་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་དགོངས་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།《ས་གནས་ཁྲིམས་འཛུགས་སྲོལ་ཡིག(འཆར་ཟིན)》(གྲོས་ཞིབ་ཐེངས་གསུམ་བྱས་པའི་མ་ཟིན)བཟོ་བཅོས་བྱས་ཚུལ་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་། ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་བྱ་སྤྱོད་བོད་དུ་སྤེལ་བའི་བྱེད་སྒོའི་གནས་ཚུལ་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ། ཆབ་མདོ་གྲོང་ཁྱེར་གྱི2023ལོའི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་པ་བརྒྱུད་ཞིབ་བཤེར་ཐུབ་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྙན་ཞུ་བཅས་ལ་གསན་པ།《ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པ་འཚོག་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)》ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་གྲོས་གཞིའི་གསལ་བཤད་དང་། 《ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྒྲིག་གཞི་འཛུགས་རྒྱུའི་སྐོར་གྱི་གྲོས་གཞིའི་གསལ་བཤད་དེ་བཞིན་འཐུས་མིའི་གོ་གནས་བསྐོ་གཞག་དང་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་གྲོས་གཞིའི་གསལ་བཤད་ལ་གསན་པ། སྒྲོལ་དཀར་ནས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲེ་ཀྲང་གཞོན་པ་ལས་དགོངས་ཞུ་བྱ་རྒྱུའི་རེ་འདུན་ཞུས་པའི་སྙན་ཞུ་གསན་པ།《ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི(མ་ཟིན)》འཆར་ཟིན་འགོད་པའི་གནས་ཚུལ་གྱི་གསལ་བཤད་ལ་གསན་པ། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་འབྲེལ་ཡོད་མི་དོན་བསྐོ་གཞག་གི་དོན་ཚན་ལ་གསན་ཡོད།(དཔལ་ཐར་རྒྱལ་གྱིས་བསྒྱུར)